e-texts navigator
Collection
Volume
Page
Wylie

166a1 བཞི།། དེ་བཞིན་དུ་ཡང་བརྒྱད་པ་ཉིད།། ཅང་མེན་ཐའ་དང་མངོན་པ་རྫུན་།། བྱེབས་དང་འདུན་པ་བཟའ་བར་བྱ།། ཐེ་བོན་མ་དྲུག་རྣམ་གྲངས་ཏེ།། སྙིང་མེ་ལྡན་པའི་སེམས་ཀྱིས་ནི།། བསད་པའི་ཤཱ་ནི་བབའ་བར་བྱ།། ཏིང
166a2 མེད་པས་དེའི་དྲང་།། ཁྲོ་བ་གྲངས་པས་ཤ་ནམས་བཟའ།། མཚན་མ་རྣམས་ནི་ཏོག་ནིཿ།། སྲིན་ནིའི་ཚགས་ལ་གཏུང་མཐེན།། སླབ་པས་དངས་ལུབ་ཐོབ་པེར་འགྱུར།། རྡོ་རྡོ་ཐར་བཞེ་འང་ཡངས་སྲུང་ག་པའི་ཆུང་ལས་མངས་ཅད་པ་འང་བཟད
166a3 པའོ།། ། དེ་ནས་རིགས་པ་རྟག་པའི་ལེའུ་བཤད་པར་བྱ་སྟེ། ཆས་འདེབས་མ་ལ་དམ་འཁྱུད་ནས།། ཚེམས་ཀྱིས་མ་མཆུ་བཟུང་ནས་སུ།། རིགས་ཅན་རྣམས་ཀྱི་རིགས་གཟུགས་ཞུ།། འཁོར་ལོའི་གཙོ་བོས་བཀའ་སྩལ་པ།། ལུས་ཅན་རྣམས
166a4 ཀྱི་རིགས་བཤད་ཀྱི།། ལྷ་མོ་ཚུལ་ཅན་མཆོག་ཉོན་ཅིག། སྐྱེས་པ་བུད་མེད་གང་ཞིག་གི།། མཐེབ་སྲིན་གྱི་ནི་རྩ་བ་ལ།། རྡོ་རྗེ་ནག་པོ་ཅེ་དགུ་པ།། དེ་ཡི་རྩ་བར་དེ་གནས་པ།། རྡོ་རྗེ་རིག་ཆེན་མཆོག་ཏུ་བཤད།། དེ་ཡི་རྩ་བར་འཁོར་ལོའི་རིགས།། རིན་ཆེན
166a5 ཁ་གཉིས་གྱེས་པ་ནི།། རིན་པོ་ཆེ་ཡི་རིགས་སུ་གསུངས།། པདྨའི་སྡོང་པོ་ཆགས་པ་ནི། པདྨའི་མེ་ཡི་སྡོང་པོའི་འོད།། དཔག་མེད་པ་ཡི་རིགས་ཉིད་དོ།། རྒྱ་གྲ་མ་རལ་གྲིས་མཚན་པ་ནི།། ལས་ཀྱི་རིགས་སུ་གསུངས་པ་ཡིན།། རྣལ་འབྱོར་གང་དག་ཁ་དོག་ནས
166a6 དེ་ཡི་ལྷ་ནི་ཞེ་སྡང་སྦྱིན།། རྣལ་འབྱོར་པ་གང་དཀར་པོ་ནི།། དེ་ཡི་ལྷ་ནི་གཏི་མུག་སྦྱིན།། རྣལ་འབྱོར་པ་གང་སེར་ཆེན་པོ།། དེ་ཡི་ལྷ་ནཱི་ང་རྒྱལ་སྦྱིན།། རྣལ་འབྱོར་པ་གང་ཧཱུཾ་སྔོ་ཆེ།། དེ་ཡི་ལྷ་ནི་ཕྲག་དོག་སྦྱིན།། རྣལ་འབྱོར་པ་གང་དཀར་དམར་ཉིད། ཆགས
166a7 པའི་ལྷ་ནི་དེ་ལ་སྦྱིན།། རྣལ་འབྱོར་པ་གང་དཀར་སེར་ཆེ།། དེ་ལ་ཞེ་སྡང་ལྷ་སྦྱིན་ནོ།། བྱིས་པ་སྐྱེ་བོའི་རིགས་ཅན་ལ།། ང་རྒྱལ་མི་བཅག་པོ་མི་འཚམ།། ཀུན་རྫོབ་རིགས་སུ་གནས་ནས་ནི།། དེ་རྣམས་བདེ་གཤེགས་རིགས་སུ་འགྱུར།། བུད་མེད




iiif viewer powered by OpenSeadragon

165b - 166b

Texts on this page

Gdg022.3 - rdo rje phur pa zhe sdang yongs su dag pa'i rgyud kyi rgyal po