e-texts navigator
Collection
Volume
Page
Wylie

165b1 བྱུང་བར་འགྱུར།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་ཕྱག་རྒྱའི་ལེའུ་སྟེ་བཅོ་བརྒྱད་པའོ།། ། དེ་ནས་མཚོན་པ་དབྱེ་བའི་ལེའུ་བཤད་པར་བྱ་སྟེ། གང་གིས་ངེས་པ་ཤེས་གྱུར་ནས།། གྲོགས་དང་བྲན་མོར་ཐེ་ཚམ
165b2 མེད།། གང་གིས་སོར་མོ་གཅིག་སྟོན་པ།། ངེས་པར་ལེགས་པར་འོང་བ་ཡིན།། གཡོན་པའི་མཐེ་བོང་བཅས་པ་ལ།། བསྐྲུན་མེད་ཕྱག་རྒྱར་ཤེས་པར་བྱ།། གང་གིས་མཐེ་བ་སྲིན་སྟེར་བ་ལ།། དེ་ཡིས་ཟ་ཆུང་སྦྱིན་པར་བྱ།། གང་གི
165b3 མཛུབ་མོ་སྟོན་པ་ལ།། དེ་ཡིས་འོག་མ་བསྟན་པར་བྱ།། གང་གིས་སྲིན་ལག་སྟོན་པ་ལ།། དེ་ཡིས་མགྲིན་པའི་རུས་ཕྲེང་བསྟན།། གང་གིས་སོ་ནི་སྟོན་པ་ལ།། དེ་ཡིས་དབྱུག་ཏོ་བསྟན་པར་བྱ།། གང་གིས་ནུ་མ་སྟོན་པ་ལ།། དེ་ཡིས་གསད་པའི
165b4 རྡོ་རྗེ་བསྟན།། གང་ཞིག་རུས་པ་སྟོན་པ་ལ།། དེ་ཡིས་ཁ་ནི་རབ་ཏུ་བསྟན།། གང་ཞིག་བྷྲྀ་གུ་སྟོན་པ་ལ།། དེ་ཡིས་སྤྱི་གཙུག་འཁོར་ལོ་དགྲོལ།། གང་ཞིག་ཁྲོ་གཉེར་སྟོན་པ་ལ།། དེ་ཡིས་ལག་མ་ཐིལ་བསྟན་པར་བྱ།། གང་ཞིག་རྐང་མཐིལ
165b5 སྟོན་པ་ལ།། དེ་ཡིས་བརྩེ་བའི་མཚན་ཉིད་འཛིན།། རྡོ་རྗེ་ཕྱག་རྒྱའི་ལན་གྱིས་ནི།། བུས་ནི་དམ་ཚིག་ཤེས་པར་འགྱུར།། ཨེ་མ་ཧོ་བུ་ནི་སྙིང་རྗེ་ཆེ།། བརྟུལ་ཞུགས་ཕྱག་རྒྱར་ལྡན་པ་དེ་མཆོག། དམ་ཚིག་དབང་གིས་སྲིན་མོ་འདུ།། རུས་ཆེན་ཕྲེང་བ་ཟོགས
165b6 ནས་ནི།། དེ་ལ་དབང་བསྐུར་བྱིན་རླབས་འགྱུར།། ལྕེ་ཁྲག་འཐུང་གི་རྒྱལ་པོ་དེ་རྣམས་འདུ་བའི་གནས་གང་ལགས། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། གནས་དང་ཉེ་བའི་གནས་དང་། ཚ་ཎྜོ་དང་། པྲ་བ་ནི་དང་། བུ་རྩེ་ཀ་དང་། ལི་ཧེ་ད་ཏ་དང་། འདྲེ
165b7 པ་དང་ཉེ་བའི་འདུ་བ་དང་། དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་དང་། འཐུང་སྤྱོད་དང་། ཉེ་བའི་འཐུང་སྤྱོད་ཉིད་དང་། འདི་རྣམས་ནི་སྲིན་མོ་འདུ་བའི་གནས་སོ།། འདུ་བའི་དུས་གང་ལགས། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། ཡི་དྭགས་ཟླ་བ་བྱེ་བཅུ




iiif viewer powered by OpenSeadragon

165a - 166a

Texts on this page

Gdg022.3 - rdo rje phur pa zhe sdang yongs su dag pa'i rgyud kyi rgyal po