| | e-texts navigator
|
165a1 དེ་ནས་ཡང་ཕྱག་རྒྱ་ཆེན་པོའི་ལེའུ་བཤད་པར་བྱ་སྟེ། ཐིག་ལེ་ཨེ་བཾ་རིན་ཆེན་གཟུགས།། དབུས་སུ་བ~ཾ་གིས་རྒྱས་པ་རབ་ཅན།། ཐིག་ལེའི་རིན་ཆེན་གནས་ཉིད་དོ།། སངས་རྒྱས་རིན་ཆེན་ཐིག་པོའི་གཟུགས།། རྩ་རྣམས་ཀུན
165a2 དྲངས་ནས་ནི།། ཕྲ་བའི་བདག་ཉིད་སྙིང་གར་བསྒོམ།། ཕྲ་བ་བ་ཐག་ཚུལ་བཞིན་གནས།། ཤིན་ཏུ་འབིགས་པའི་བདེ་བའི་གཟུགས།། འབར་བའི་རྩའུ་ཐིམ་གྱུར་ཏེ།། ཡོ་གཏྟར་ཕྲ་བའི་གཟུགས།། གཏུམ་མིག་མར་ནི་བདེ་བ་ཅན།། ཀ་ཏ་ར་ཡ
165a3 གཟུགས་ཏེ།། བདེ་བ་འཛིན་དུ་རྡོ་རྗེ་འཛིན།། ཕྲད་པ་ཐུབ་པའི་བདེ་བ་མཆོག། བྷ་གར་རིན་ཆེན་འདྲེན་པར་བྱེད།། པདྨ་རིན་ཆེན་རྩེ་ཁ་བྱེད།། རིན་ཆེན་བདེ་བ་ཕྲ་བའི་གཟུགས།། ཐིག་ལེ་བདེ་བ་ཐིམ་གྱུར་ཏེ།། ཕྲ་མོའི་ཡེ་ཤེས་སྐྱེ་བར་འདུར།།
165a4 ལེ་གང་བུའི་གཟུགས་ཅན་དེ།། རྡོ་རྗེ་ནོར་བུའི་རྩེ་མོར་འཛིན།། བདེ་བ་ཕྲ་མོ་ཕྲད་པའོ།། འཁོར་ལོ་འབར་བ་དྲངས་པ་ཡིན།། ཤིན་ཏུ་བདྲེ་བའི་གཟུགས་ཅན་ནོ།། དང་པོ་བདེ་བའི་ཡེ་ཤེས་སོ།། འཁོར་ལོ་རིན་ཆེན་ལྕེ་དབུས་དྲངས།། གཏུམ
165a5 མོ་དེ་བའི་གཟུག་ཅན་ལ།། མཆོག་གི་ཡེ་ཤེས་དང་པོ་ཡིས།། སྙིང་གའི་དབུས་སུ་ཐིག་ལེ་འདྲེན།། རྩེ་གནས་པུ་ག་གསལ་བྱེད་པ།། ཐིག་ལེ་རིན་ཆེན་ཕྲེང་བར་གནས།། བདེ་བའི་ཡེ་ཤེས་གསང་མཛད་མཆོག། རིན་ཆེན་དབུགས་འདྲེན
165a6 གཉིས་པའོ།། འབར་བའི་ཐིག་ལེ་རིན་ཆེན་འཛིན།། ཀ་ཧཱ་ཡ་ནར་ཐིག་ལེའི་གཟུགས།། རིན་ཆེན་བདེ་བ་མཆོག་གི་མཆོག། གསང་པའི་བདེ་བ་གསུམ་པར་གསུངས།། མཆོག་གི་ཡེ་ཤེས་སེལ་མཛད་པའི།། གུ་ག་རྩ་ཡི་ཐིག་ལེ་འདྲེན།། དབུས
165a7 སུ་ཕྲ་བའི་གཟུགས་ཅན་དེ།། ཐིག་ལེ་བ་ཐག་རྒྱུན་བཞིན་གནས།། ནཱ་ད་ཐམས་ཅད་ཐི་མ་གྱུར་ནས།། མཐར་ཕྱིན་ཡེ་ཤེས་འབྲས་བུའི་མཆོག། ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར།། འཕར་དང་དགའ་དང་དགོད་པ་དང་།། ས་ལ་འདི་དག
iiif viewer powered by OpenSeadragon
164b - 165b