| | e-texts navigator
|
164b1 ང་དེ་ཉིད་བཟའ་བ་ཉིད།། དེར་ནབས་ནས་ཡང་དང་ཡང་།། སྲིན་མ་ཚོགས་ནི་མཆད་པར་བྱ།། ཚོགས་ཀྱི་ལབར་ལོ་སྒྲུབ་པར་འགྱུར།། བྲེས་པའི་ཐོད་པ་ཆ་གཟིག་པ། མང་ནི་བཟང་པས་ཡོངས་བཀླ་།། ཐམ་ལ་དབུལ་ན་ལགྱོན་པ། ཐུག་བཅལ་ནས་ནི་རང་མང
164b2 བཏུང་།། པདྨའི་ལག་པས་བླང་བ་དང་།། དེ་ཉིད་ཀྱིས་ཀྱང་སླར་ལ་དབུལ།། ཡང་ནས་ཡང་དུ་བཏུད་ནས་ནི།། ཚོགས་ཀྱི་ཡུམ་གྱི་དོན་ཉིད་ཞུ།། འཇིགས་བྱེད་རྒྱལ་པོས་བཀའ་སྩལ་པ།། ཤིན་ཏུ་རིང་མིན་ཟུང་བ་མིན།། བདྨའི་རྣམ་པའི་འདང་འདྲ་བ།། དེ་ཡི་དབུས་སུ་ཇི
164b3 ཞིམ་ལྡན།། རྡུལ་དང་དྲི་ཞིམ་ལྡན་གྱུར་པ།། རི་དྭགས་ལྟེ་བའི་དྲི་དང་མཚུངས།། པདྨ་ལ་ཡང་འདབ་མཆོག་དྲི།། སྐད་ཅིག་པདྨ་ལྟ་བུར་འབྱུང་།། དེ་ཡི་ག་པུར་སི་ཧླ་དག། ལག་པས་དྲི་བཟང་མཚོན་པར་བྱ།། ཨུཏྤ་ལ་ཡི་དྲིར་འགྱུར་ཞིང་།། ཨ་ག་རུ་ནི་ནག་པར
164b4 མཚུངས།། དལ་ཞིང་མི་གཡོ་མ་ཉད་དང་།། སྙན་པ་སྨྲ་ཞིང་ཡིད་འོང་བ།། བླ་བཟང་དབུས་སུ་གཉེར་མ་གསུམ།། ཕལ་པས་པདྨ་ཅན་དུ་བརྗོད།། ལྷན་ཅིག་སྐྱེས་པའི་གཟུགས་འཛིན་ལ།། དེར་སྐྱེས་ནས་ནི་དངོས་གྲུབ་འགྱུར།། དེ་ནས་མས་འདེབས
164b5 རྣལ་འབྱོར་མས།། གསོལ་པ་ཁྲོ་བོའི་རྒྱལ་པོ་ཡས།། སྨོན་ལམ་ཇི་ལྟར་གདབ་པར་བགྱི།། ཁོ་བོའི་རྒྱལ་པོས་བཀའ་སྩལ་པ།། ཁྲག་འཐུང་རིགས་སུ་སྐྱེས་པ་ཡི།། བསྙེམ་མེད་རྡོ་རྗེ་གཞོན་ནུ་ཉན།། བླ་མ་ལ་ལུས་སྙིང་རྗེ་ལྡན།། སྡེ་ཤི་མེད་པར་འགྱུར་བར་ཤོག
164b6 ལག་ན་རྡོ་རྗེ་ཕུར་འཛིན་ཅིང་།། ཟབ་མོའི་ཆོས་ནི་ཀློག་པ་དང་།། བཙུན་མོའི་ཁུབ་མཉམ་ཟས་ཅན།། སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག། དེ་ནས་ལྷ་མོ་དགྱེས་ནས་ནི།། ཚིག་ནི་འདི་ཉིད་ཡང་ཞུས་པ།། སྐལ་མེད་སེམས་ཅན་གང་གིས་འདྲལ།། ཁྲོ་བོའི་རྒྱལ་པོས
164b7 བཀའ་སྩལ་པ།། གསུམ་པ་རྩ་ཡི་སྦྱོར་བ་ཡིས།། གདུག་དང་བསད་དང་དབྱེ་བ་དང་།། ང་ཧའི་སྒྲ་ཡིས་འདུལ་བར་འགྱུར།། ལྷ་མོ་གཞན་གྱིས་འདུལ་མི་འགྱུར།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་ཚོགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།།
iiif viewer powered by OpenSeadragon
164a - 165a