e-texts navigator
Collection
Volume
Page
Wylie

163b1 དྷཿ། མ་དཀྲུག་པའོ།། ཁྲག་ལུང་དྷམ་ཐམ་ཚ་བ་ལ། མད་ན་དཔང་ངཐ་། ཆག་བདག་ནིད་ཀྱི་ལ་གཁོང་བ།། སནྡན་མམས་ནང་བདུ་ས་ལ་མྱོདྷ། ཨབླ་ངམཔ། ཟླས་བླནན་ན་བས། མདག་པར་བྱེད་འངད་དང
163b2 སོ།། ཛཿཧཱུཾ་བཾ་ཧོག་པབཾ། མཆོད་ཡོན་གྱི་སྔགས་སོ།། ཨོཾ་ནཻ་རི་ཏི་ཏྲཱུཾ་བཾ། ཞལ་བསིལ་བའི་སྔགས་སོ།། ཨོཾ་འདྲའང། བ་ལིའི་སྔགས་སོ།། རྡོ་རྗེ་ཕུར་བ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་མེའི་མཚན་ཉིད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།
163b3 གནན་པའི་ལེའུ་བཤད་པར་བྱ་སྟེ། ཕུང་བྱེད་ས་ལ་གཟུགས་བྱས་ཏེ།། དྲི་ཆེན་པོ་ཡིས་བྱུགས་ནས་སུ།། ར་མ་ཡ་ཡི་དུང་བས་བདུག། མེ་ཆེན་པོ་ཡི་དྲུང་དུ་བཞག། དྲར་ཁྲོད་རོ་ཡི་ཤུན་ལྤགས་ལ།། འཁོར་ལོ་བཅུ་གཅིག་རྩིབས་མཚན་བྲི།། དབུས་སུ
163b4 བྱའི་མིང་གིས་བརྒྱན།། མཐར་ནི་མ་ཧཱ་བ་ཧར་ལྡན།། ཕོ་རོག་སྒོ་ཡི་སྒྲ་བུ་ཡིས།། གདུག་པ་ཅན་གྱི་གཟུགས་བྲིས་ལ།། བྷན་དྷ་ཁ་སྦྱར་དབུས་སུ་གཞུག། ཁྲག་ཆེན་པོ་ཡིས་བྱུག་པར་བྱ།། གཟུགས་བརྟན་དེ་ཡི་སྙིང་གར་གཞུག། ཙནྡན་མེ་ལ་དྲོས་པར་བ
163b5 ལམ་ཆེན་རྒྱ་ཐམ་དག་ཏུ་མནན།། རྡོ་རྗེ་ཁྲོས་པས་མནན་པར་བསམ།། ཙནྡན་ཤིང་གི་ཤུན་པ་ལ།། ཁྲག་ཆེན་པོ་ཡིས་མིང་བྲིས་ལ།། ཧ་དང་ཤ་དང་བཅས་པ་རུ།། གདུག་པའི་ཤིང་ལ་སྦྱིན་བསྲེག་བྱ།། བསླབ་བྱ་དེ་ནི་ཁྲིད་པར་འགྱུར།། གྲོག་མ
163b6 དང་དྲི་ཆུ་དང་།། རྒྱ་མཚོའི་འགྲམ་གྱིས་དག་ལ།། གཟུགས་བརྟན་སོར་ནི་བཅུ་གཉིས་ལ།། དྷ་དྲར་ཡི་ཁཱ་བས་བྱུག། ཙནྡན་སྟུག་པོའི་མེ་ཡིས་འགྲོ།། བདུད་རྩི་འཁྲིལ་པའི་སྦྱོར་བ་ཡིས།། དུམ་བུར་གཏུབསྲེ་ནས་སྦྱིན་བསྲེག་བྱ།། ཐལ་བ
163b7 དོ་ང་སྒྱུར་ན།། ངེས་པ་ཁོ་ནར་སྤྲོ་བར་འགྱུར།། མཐིང་ནག་དཀྱིལ་འཁོར་དབུས་སུ་ནི།། བསྒྲུབ་བྱ་འདར་ཞིང་འཇིགས་པར་བསམ།། སྙིང་གར་བྱིན་ཟའི་ས་བོན་ཏེ།། རྡོ་རྗེ་ཁྲོ་བོ་འཇིགས་ཆེན་གྱིས།། ལྟེ་བ་སྙིང་ག་ཕུག་ནས་ནི།། ཁྲག་དང་རྒྱ




iiif viewer powered by OpenSeadragon

163a - 164a

Texts on this page

Gdg022.3 - rdo rje phur pa zhe sdang yongs su dag pa'i rgyud kyi rgyal po