e-texts navigator
Collection
Volume
Page
Wylie

99b1 འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བ་དག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དབྱུག་པ་སྔོན་པོ། འོག་མི་ན་གནས་ཀྱི་གཞལ་ཡསྱ་ན། མཐའ་དང་དབུས་མེད་པའི་རང་བཞིན་གྱིས་གསལ་བའི་གཞལ་ལས་ཁང་ན། ཡུམ་དང་གཉིས་དུ།
99b2 མེད་པར་བཞུགས་ཏེ། ཀརྨ་ཧེ་རུ་ཀ་དང་གཡག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་གྱི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་གསང་བའི་བདག་པོ་རང་བཞིན་ཅན།། མཆོག་གི་ལས་རྣམས་ཐམས་ཅད་མཁྱེན།། འདི་ནི་རྗེས་སྒྲུབ་རྣལ་འབྱོར་པས།
99b3 གནས་ཀྱི་ཁྱད་པར་མི་འཚལ་ལམ།། གནས་རྣམས་རིམ་པ་ཇི་ལྟར་ལགས།། ཁྲག་འཐུང་རྒྱལ་པོས་བཀའ་སྩོལ་ཅིག། དེ་སྐད་གསོལ་བ་གས་ན་ནས་ནི།། ཁྲག་འཐུང་དཔའ་བོ་མཐུ་ཆེན་གྱིས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། གནས་ཀྱི་ཁྱད་པ
99b4 ངས་བསྟན་གྱིས།། སྤྱིར་ནི་དྲག་པོའི་གནས་རྣམས་ནི།། དུར་ཁྲོད་གནས་སམ་ཤིང་གཅིག་དུང་།། མ་མོའི་གནས་དང་ཐེའུ་རང་གནས།། ལྷ་འདྲེ་འདུ་བའི་ལམ་རྒྱ་གྲམ།། ས་སྲིན་མ་མོ་དུ་མ་འགྲོགས།། མི་རྣམས་ཕུང་བའི་ཁང་སྟོང་དང་།། དུག་ཤིང་སྐྱེས
99b5 པའི་གནས་རྣམས་ལ།། གདུག་པ་སྐུལ་ལ་སོགས་པའི་ཚང་།། མང་པོར་བཅས་ཤིང་འདུ་བ་དང་།། རལ་པ་འདྲ་བའི་གནས་སུ་ནི།། རྡོ་རྗེ་དྲག་པོ་བསྐུལ་བའི་གནས།། ནགས་ཆེན་པོ་ནི་གང་ན་བར།། རྣལ་འབྱོར་མིག་གིས་བལྟས་པ་ཡི།། ལྷ་མི་ཡོངས་ལ་གྲགས
99b6 པའམ།། ཆུ་མིག་ལྐུགས་པ་ཀླུ་ཡི་མིག། རྒྱལམ་གང་གསུམ་འབྱུང་པོའི་སྲང་།། ཕྱོགས་ལས་གྲུབ་པའི་དགྲའམ་བགེགས།། མེ་དཔུང་གྲུ་གསུམ་མདུངས་པ།། བ་ཚྭ་ཞུ་ཆུ་དམྱལ་བའི་ཆུ།། གནོད་སྦྱིན་མང་པོ་འདུ་བའི་ས།། སྲིན་པོ་ཁྲོས་པའི་གདོང་མདངས
99b7 འདྲ།། གདུག་པ་ཆུ་སྲིན་ཁ་གདངས་འདྲ།། དྲེད་མོ་རལ་པའི་གསེབ་ནང་དུ།། དྲག་པོའི་ལས་སུ་བྱ་བ་ཡིན།། མེ་ཏོག་མར་མོའི་གླིང་ཡོད་དང་།། རི་ནི་རིན་ཆེན་སྤུངས་པ་འདྲ།། སྐྱེད་མོས་ཚལ་དང་དཔག་པོས་མོ་ཤིང་།། ངང་བ་བུང་བའི་སྒྲ་སྒྲོགས་པ།




iiif viewer powered by OpenSeadragon

99a - 100a

Texts on this page

Gdg021.8 - khro bo dbyug pa sngon pa'i rgyud