| | e-texts navigator
|
99a1 ཀ་ཐལ་ཆེན་ལྤགས་བཟླས་ཏེ།། ཕྲིན་པས་རྣམ་པ་བཞི་ཡི་ནི།། ཕུར་བ་སར་བཞིའི་ཚད་དུཿ།། ཤིང་བྱང་བུལ་འབྲུ་དཀུ་ཟ།། བསྙེན་པ་སྐྱ་དང་མཐུན་པར་བྱ།། སེར་བ་བསྲུང་བའི་ཉན་མོ་ལ།། སྲད་མ་བསྐུལ་ཞིང་གཟུ་དབང་གཟུད
99a2 ཡུལ་ལྷ་མཆོད་ཅིང་གསེར་སྐྱེམས་བཏང་།། ཡུངས་ཀར་ཐལ་ཆེན་གོང་མའི་རྫས།། ཕུ་རབ་བྱང་བུ་སེར་མ་ཐོས་བསྐོར།། ཡུངས་ཀར་བསྒྲེང་ཞིང་ཕུར་བུས་གདབ།། མོད་ལ་ཀློག་པ་འགྲུབ་པར་འགྱུར།། ཞེས་གསུངས་སོ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས
99a3 སེར་བ་བསྲུང་བའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེ་ལ་ཀརྨ་ཧེ་རུ་ཀ་དང་། སྟག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་དང་། ཕྲ་མེན་གྱི་ཚོགས་རྣམས་ཤིན་ཏུ་དགེས་ནས། ཞབ་བཞད་ཅིང་མགྲིན་གཅིག་ཏུ
99a4 ནས།། གདུག་པ་འདུལ་བར་ཁྱད་པར་འཕགས།། ཁྲོ་བོ་མཁའ་འགྲོ་བདག་ཅག་འཁོར།། ཚོགས་པ་རྣམས་ལ་གསུངས་ལགས་ན།། སྔར་ནི་བདེ་གཤེགས་གང་གིས་གསུངས།། ཕྱིས་ནི་བདེར་གཤེགས་གང་གསུང་འགྱུར།། ད་ལྟ་འདི་ཉིད་གནས་ལགས་ན།།
99a5 དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་རྣམ་པར་རྒྱལ་བས། ཀརྨ་ཧེ་རུ་ཀ་ལ་སོགས་ཏེ་འཁོར་གྱི་ཚོགས་ཀྱི་ཚིགས་གསན་ནས་གསུང་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་ནི་བཅོམ་ལྡན་འདས་དང་འདྲ།། སེམས་ཅན་ཀུན་ལ་ཏུ་ཨཱ་བྱེད་ཅིང་།།
99a6 གསུམ་སྙོམས་པའི་ཕ་མ་ཡིན།། ཟབ་མོ་ཁོང་དུ་འཆང་བྱེད་ཡིན།། བདེ་བ་སླད་ཀྱི་ལུང་སྟོན་ཡིན།། གདུག་པ་སླད་ཀྱི་ཚར་གཅོད་ཡིན།། ཡེ་ཤེས་སྤྲུལ་པའི་སྐུ་མཆོག་ཡིན།། གསང་གསུམ་འདུས་པའི་ཐུགས་མཆོག་ཡིན།། ཞེས་གསུགས་སོ།། རྒྱུད་ཀྱི
99a7 རྒྱལ་པོ་རྣམ་པར་རྒྱལ་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བདུན་པའོ།། ། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་རྫོགས་སོ།། ། ཕྱ་ག་སྐད་དུ། ཀྲོདྷ་ནཱི་ལད་ཏྱཱཏརྠ། བོད་སྐད་དུ། ཁྲོ་བ་དབྱུག་པསྔོན་པ་རྒྱུད། དཔལ་ཁྲག
iiif viewer powered by OpenSeadragon
98b - 99b