e-texts navigator
Collection
Volume
Page
Wylie

97b1 རང་བཞིན་མེད་པའི་རྗེས་འཇུག་གོ།། ཕྱག་རྒྱ་གསུམ་གྱིས་བསྐྱེད་པར་བྱའོ།། འབྱུང་བ་རིམ་བརྩེགས་ཚུལ་བཞིན་བསྒོམ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས། གླིང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འབྲུང
97b2 གི་རྒྱལ་པོས། དབང་གི་རིམ་པ་འདི་གསུངས་སོ།། གནམ་དང་ས་གཞི་བརྟག་པ་དང་།། ས་བསྲུང་ཆ་གསུམ་གཏོར་མ་གཏོང་།། ཕྱི་མཚམས་བཅད་ཅིང་ནང་མཚམས་བཔུང་།། རྒྱལ་པོའི་ཚུལ་གྱིས་བསྙེན་པ་བྱ།། སྟ་གོན་ས་ཆོ་ག་སྒྲིབ་པ་སྦྱངས།། ཚེམས
97b3 ཤིང་འདོར་ཞིང་སྲུང་སྐུད་གདགས།། ཡེ་ཤེས་དབབ་ཅིང་ལུས་ལ་ལྷ་བཟུང་ངོ་།། དེ་ནས་དབང་གི་ཡོན་ཡང་དབུལ།། དེ་ནས་ཡང་ནི་སྐུད་པ་ནི།། དཀྱིལ་འཁོར་ཞག་གི་ཆོ་ག་བསྒྲུབས།། སློབ་དཔོན་དཀྱིལ་འཁོར་དཔག་ཚད་བཞི།། རྒྱལ་པོའི་དཀྱིལ་འཁོར
97b4 རྒྱང་གྲགས་བཞི།། སྔགས་པའི་དཀྱིལ་འཁོར་ཁྲུ་བརྒྱའོ།། དགེ་སློང་དཀྱིལ་འཁོར་ལྔ་བཅུའོ།། རྗེ་རིགས་དཀྱིལ་འཁོར་བཅུ་དྲུག་པའོ།། དམངས་ཀྱི་དཀྱིལ་འཁོར་ཁྲུ་བརྒྱད་པའི།། གནམ་ཐིགས་ཐིག་བྱང་ཆུབ་སེམས།། ཐིག་གདབ་རིམ་པ་ཚུལ་བཞིན
97b5 བྱ།། རིན་ཆེན་སྣ་ལྔའི་ཚེ་ན་རྩེ་ལ།། དཔའ་བོ་འབྲུ་ལྔའི་ཡིག་འབྲུ་དགོད།། ཡེ་ཤེས་ལྔ་རུ་བྱིན་བརླབས་ཏེ།། ཕོ་བྲང་དཀྱིལ་འཁོར་ལྷུན་གྲུབ་དང་།། ཏཱ་ར་ཎ་ཡིས་བརྒྱན་པ་བྲི།། སློབ་མ་གཞུག་ཅིང་དྲི་ལན་ཞུ།། ཡི་དམ་དབོག་དང་དམ་ཚིག་དབོབ།།
97b6 གསང་མཚན་དབོག་ཅིང་དམ་ཆུ་བླུད།། སྙིང་པོ་དབབ་ཅིང་ཕྱག་རྒྱ་བསྟན།། གསེར་ཐུར་སྤྱན་དཔྱི་དཀྱིལ་འཁོར་བསྟན།། གཟུགས་བརྙན་བསྟན་ཅིང་ཆོས་ཀྱི་བཀའ་རྣམས་སྒྲོགས།། འཇུག་པའི་རིམ་པ་ཚུལ་བཞིན་ནོ།། དབང་གི་ལས་རྣམས་བསྒྲུབ་པ་ནི།། དང
97b7 ལྔ་དོན་གྱི་བར་དུ་འགྲོ།། ལྷ་དབང་རྒྱལ་པོའི་ཚུལ་དུ་གཟུང་།། ཕན་པའི་དབང་བཅུ་ལུས་ལ་བརྒྱན།། རྟགས་ཀྱི་དབང་རྣམས་ལུས་ལ་བསྐྱེད།། གསང་བའི་དབང་ནི་གསུང་ལ་བསྲུང།། ཤེས་རབ་ཡེ་ཤེས་དབང་ནི་ཐུགས་ལ་དྲན།། ཕྱག་རྒྱའི་དབང་ནི་ལུས་ལ་གཞུག




iiif viewer powered by OpenSeadragon

97a - 98a

Texts on this page

Gdg021.7 - rgyud kyi rgyal po khro bo rnam par rgyal ba'i rgyud