| | e-texts navigator
|
97a1 རྒྱུད་ཀྱི་རྒྱལ་བ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད། དཔལ་ཁྲག་འཐུང་གརྒྱལ་པོ་ལཕྱག་འཚལ་ལོ།། འདི་སྐང་བདག་གིས་ཐོས་པའི་དུས་གཅིགན། བཅོམ་ལྡན་འདས་ཁྲག་འབྱུང་གི་གྲལ་བ། ཁྲོ་བོ་རྣམ་པར་རྒྱལ་བཱ། མཧཱ
97a2 དབུས་མེད་པའི་རང་བཞིན་གྱི་གཞལ་ཡས་ཁང་ལྷུན་གྱིས་གྲུབ་པ་ན། ཡུམ་དང་གཉིས་སུ་མེད་པར་བཞུགས་སོ། དེའི་ཚེ་སྟག་གི་མིག་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་དང་། མགོ་བནན་གྱི་ཚོགས་ཀྱིས་ཡབ་གཙོ་བོ་ལ་ཞུས་པ། གནས་ཀྱི་མཚན་ཉིད
97a3 ཇི་ལྟར་ལགས།། དཀྱིལ་འཁོར་མཚན་ཉིད་ཇི་ལྟར་ལགས།། འཁོར་གྱི་མཚན་ཉིད་ཇི་ལྟར་ལགས།། རྫས་ཀྱི་མཚན་ཉིད་ཇི་ལྟར་ལགས།། སྔགས་ཀྱི་མཚན་ཉིད་ཇི་ལྟར་ལགས།། སྒྲུབ་པའི་མཚན་ཉིད་ཇི་ལྟར་ལགས།། ཞེས་དྲིས་པས། བ
97a4 འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་རྣམ་པར་རྒྱལ་བས་འདི་སྐད་ཅེས་བཀའ་སྩལ་ཏོ།། གནས་ཀྱི་མཚན་ཉིད་རི་ནག་པོ།། དཀྱིལ་འཁོར་མཚན་ཉིད་གྲུ་གསུམ་ཨེ།། འཁོར་གྱི་མཚན་ཉིད་རང་ལས་མི་གཞན་པ།། རྫས་ཀྱི་མཚན་ཉིད་རྒྱུ་བཞིའོ།། སྔགས་ཀྱི
97a5 ཉིད་ལས་སྔགས་སྤེལ།། བསྒྲུབ་པའི་མཚན་ཉིད་མར་བརྒྱད་ལ།། དེ་སྐད་ཅེས་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ། མགོ་བརྙན་གྱི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་ཁྲག་འབུང་གསང་བའི་བདཔ།། སྐུ་གསུང་ཐུགས་ཀྱི
97a6 བདག་ཆེན་པོ།། ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས།། རྣལ་འབྱོར་རྗེས་སུ་སྒྲུབ་པ་ལ།། དཀྱིལ་འཁོར་ཉམས་སུ་ཇི་ལྟར་བླང་།། ཐབས་དང་བཅས་པའི་ཏིང་འཛིན་གྱིས།། དངོས་གཞི་བསླབ་ན་ཇི་ལྟར་སྨྲའོ།། ཅེས་གསོལ་པ་དང་། བཅོམ་ལྡན་འང
97a7 འཐུང་གི་རྒྱལ་པོ་རྣམ་པར་རྒྱལ་བས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་མགོ་བརྙན་ཕྲ་ཐབས་ཚོགས།། རྗེས་སུ་སྒྲུབ་པའི་རྣལ་འབྱོར་པས།། དང་པོ་ལས་ལ་སྦྱོར་བའི་དུས།། ཚངས་པའི་གནས་བཞི་བསྒོམ་པར་བྱ།། དེ་ཟས་དྲག་པོའི་ལས་ལ་དྷར
iiif viewer powered by OpenSeadragon
96b - 97b