| | e-texts navigator
|
92a1 མཆོད་པ་ཐམས་ཅད་ནག་པོར་དབུལ།། དེ་ཡིས་དངོས་གྲུབ་ལས་རྣམས་འགྲུབ།། ཅེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ། སངས་རྒྱས་མདུད་པའི་རྒྱུད་ལས།
92a2 མཆོད་པའི་སྤྲིན་རྣམ་པར་རོལ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ཡང་དེ་བཞིན་གཤེགས་པ་དཔལ་ཀཱི་ལ་ཡ། བདག་ཉིད་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བདག་དང
92a3 གནས་དང་དུས་དག་དང་།། བཟླས་པ་དང་ནི་གཟུགས་རྣམས་དང་།། དེ་ལྟར་རྫས་ཀྱི་རྣམ་པ་དང་།། བསྙེན་པ་དང་ནི་ཉེ་བསྙེན་དང་།། དེ་བཞིན་སྒྲུབ་དང་སྒྲུབ་པ་ཆེ།། བད་གདོན་དང་ནི་གཞན་དོན་དང་།། རྣལ་འབྱོར་མཁས་པའི་ཕྲིན་ལས་སོ།། གཞན་ཡང་ཡང་པ་འདི
92a4 བསྟན་བྱ།། ཉེས་པའི་དོན་གཉེར་རྣལ་འབྱོར་ལ།། ཚེ་སྲོག་བར་དུ་གཅོད་བྱེད་ལ།། གདབ་པའི་གནས་ནི་གང་ཡིན་པ།། སྤྱི་བོ་མགྲིན་པ་སྙིང་ག་དང་།། ལྟེ་བའི་དཀྱིལ་དུ་གདབ་པར་བྱ།། སྐུ་གསུང་ཐུགས་ཀྱི་སྲས་མཆོག་དང་།། དེ་བཞིན་དཔལ་གྱི་ཕུ་རབས་གདག
92a5 གང་ལ་བྱ་བའི་གཟུགས་བརྙན་ལ།། ཞེང་གི་ལས་མགྲོ་གའི་ཤུན།། རཡི་ཁྲག་གིས་མིང་བྲིས་ལ།། གཟུགས་ཀྱི་སྙིང་ག་དག་ཏུ་བགྲན།། ཤར་ལྟོ་མཚམས་སུ་འབྲུག་བྱུང་རྒྱ།། ཁ་ཁྱེར་རྣམ་པ་གསུམ་དང་ལྡན།། ཏིལ་ཟག་པོ་ལ་གཞ་བྱས་ལ།། གན་ཏལ་དག་ཅུ་གནས
92a6 པར་བྱ།། ལྷོ་ནུབ་མགོ་ལ་བྱང་ཤར་དང་།། ལར་ནུག་སྐྱིལ་མའི་བྱང་དུ་གཞུག། དྲག་པོའི་ཕྱུང་བ་དག་ལ་བཏོད།། མངག་གཞུག་ལས་རྣམས་གཞོལ་བའི་ཕྱིར།། མ་མོ་མཁའ་འགྲོ་སྲུང་མ་ལ།། མཆོད་པ་རྫོགས་དང་བ་ལོགས།། དབུག་པ་གསུམ་གྱིས་རབ་ཏུ་དགུག
92a7 གདབ་པ་གསུམ་གྱིས་མོས་པ་བྱ།། ཁྲོ་བོ་ཅུ་བཞིའི་སྦྱོར་བ་ཡིས།། སྙིང་གར་ཉི་མའི་དཀྱིལ་འཁོར་ལ།། ཡི་གེ་ཛ་ནི་ཁ་བརྒྱད་པ།། འོད་ཟེར་ལྕགས་ཀྱུའི་ཚུལ་དུ་བཞག། དེ་ཡིས་དྲངས་སམ་བཀུག་ནས་ན།། གཟུགས་ས་མ་རི་མོ་དེ་ལ་བསྟིམ། ཕྱག་རྒྱ་བཞི་དང་སྔགས།
iiif viewer powered by OpenSeadragon
91b - 92b