e-texts navigator
Collection
Volume
Page
Wylie

91b1 པདང་།། སྱཱང་སྲིད་པྱག་རྒྱའི་མཆ་དང་དང་།། རིན་ཆེན་སྣ་བདུན་མཆོད་པ་དང་།། ཀུན་ཏུ་བཟུང་པོའི་མཆོད་པ་དང་།། ལྷ་མོ་བཞི་ཡི་མཆོད་པ་དང་།། མཆོད་པའི་ཕྱིར་ན་སྤྱན་དྲུང་དང་།། ཕྱག་རྒྱ་ཆེན་པོར་བནས་བཅས་ལ།། ནམ་མཁའི་དབྱིངས་ཀྱི་དཀྱིལ་དཁོར་ནས།
91b2 དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་།། ཡང་སྦྲུལ་སུམ་སྤྲུལ་སྐར་ལྟར་འཁྲུགས།། གཱིཅི་ག་ལ་གསུམ་གསུམ་དྲུག་ཅུར་སྤྲུལ།། སྤྲུལ་པ་རྣམས་ཀྱང་སྤྱན་དྲུང་ངོ་།། ཨོཾ་ཙྱཻ་ཧེ་བྷ་ག་ཝཱན། ཨོཾ་བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ། མ་ཧཱ་བཛྲ། ཨཱ་གད་ཏཱ་ཡ། ཨཱ་གད་ཏ་ཡ།
91b3 བེ་ཤ་ཡ། པྲ་བེ་ཤ་ཡ། བན་དྷཱ་ཡ། བན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། སརྦ་ཌཱ་ཀི་ནཱི་ཧྲི་ད་ཡ་ཧཱུ~ཾ་ཕཊ།། དེ་བཞིན་མཆོད་པ་སྣ་ཚོགས་པ།། ཀ་ནི་ལྐ་ལ་སོགས་པ་འབུལ།། དེ་བཞིན་མཆོད་པ་བླན་མེད།། སངས་རྒྱས་དངོས་གྲུང་ཐོབ་བྱའི་རྗེར།། རྒྱལ་བ་ཐམས
91b4 ཅད་མཆོད་པར་བྱ།། བདུག་པ་མེ་ཏོག་མར་མེ་དང་།། དྲི་ཆབ་བཤོས་གཙང་ཡི་གར་འོང་།། ཚ་བ་གསུམ་དང་སྦྱང་བ་ཡིས།། ཨ་ཀ་རུ་ཡི་དོག་པ་རྣམས། དཀྱིལ་འཁོར་ཀུན་ལ་མཆོད་པར་བྱ།། དེ་ནས་ནང་གི་མཆོད་པ་འབུལ།། དེ་ནས་གསང་བའི་མཆོད་པ་སྟེ།། ཨོཾ
91b5 ཨཱཿཧཱུཾ་མ་ཧཱ་ས་མ་ཡ། ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། སྟོང་པ་ཉིད་ཀྱི་རང་བཞིན་གྱིས།། གདོལ་པའི་ཁང་པ་མེས་བསྲེགས་ནས།། དཀར་པོ་གངས་ཀྱི་རྣམ་པ་ཡང་།། ཅི་འདོད་ལས་རྣམས་འདོད་པ་འགྲུབ།། དེ་བཞིན་ལས་རྣམས་ཐམས་ཅད་དོ།། ཐུགས་རྗེ་ཆེན་པོ་འབྱུང་བར་བྱེད།། བད
91b6 དང་སེམས་ཅན་བསྒྲལ་བའི་ཕྱིར།། རིག་མར་སྦྱར་བའི་མཆོད་པ་ཡིས།། སྦྱོད་སྒྲོལ་ཐམས་ཅད་མཆོད་པར་འབུལ། དེ་ནས་དམར་གྱི།། ཨརྒྷས་མཆོད།། ཧེ་རུ་ཀ་ཡི་གནས་བཅུ་དང་།། དུར་ཁྲོད་ཆེན་པའི་གནས་བརྒྱད་ནས།། དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ།། དུར་ལོ
91b7 མཆོག་གི་གནས་འདི་རུ།། ཞིང་ཆེན་གསར་དྷིང་ཏི་རར་བཅས།། དམར་གྱི་ཨ་དྷ་ནྱ་མཚོར་བསྐྱིལ།། མཁའ་འགྲོ་འབར་བའི་ཚོགས་ལ་འབུལ།། མ་ལུས་གཤེགས་ནས་བ་རྣམས་སུ་གསོལ།། ནལ་འབྱོར་མགོན་པོ་བདག་ཉིད་ཀྱང་།། ཆས་ཀྱང་རབ་ཏུ་གདགས་བྱས་ཏེ།།




iiif viewer powered by OpenSeadragon

91a - 92a

Texts on this page

Gdg021.5 - sku dang ye shes thams cad 'dus pa'i sangs rgyas mdud pa