e-texts navigator
Collection
Volume
Page
Wylie

30b1 མུན་པའ་རྣམས་པའི་ཤེས་རབ་འང།། དི། གདུལ་བྱེད་པ་དྲེ་གཤེགས་འབྱུང་།། འདུལ་བའི་ངོའ་ཅིར་ཡང་སྡང་།། གཉིས་སུ་མེད་པར་མཉམ་པར་སྦྱར།། ཨཱམ་འདི་ལྟར་ངོ་མཚར་ཆེ།། ནམ་མཁའ་སྟོང་པ་སྐྱེ་མེད་ལ།། སྐྱེ་བའི་ཆོ་འཕྲུལ་ཅིང་ཡང་སྦྱིན།། ད
30b2 བཞིན་སྐྱེ་མེད་ཆོས་དབྱིངས་ལས།། སྐྱེ་བའི་ཆོ་འཕྲུལ་བསམ་མི་ཁྱབ།། སྟོན་པ་འབྱུང་ཞིང་འཁོར་རྣམས་འབྱུང་།། ཐུགས་རྗེ་འབྱུང་ཞིང་བྱིན་རླབ་འབྱུང་།། དཀྱིལ་འཁོར་འབྱུང་ཞིང་མཆོད་པ་འབྱུང་།། ཐམས་ཅད་ཐམས་ཅད་འབྱུང་བ་ཡིན།། ཐུགས་རྗེ་ཆེན་པོའི
30b3 རླབ་ཀྱིས།། བདེ་བ་ཆེན་པོ་དབབ་ཏུ་གསོལ།། ཨེ་མ་འདི་ནི་གང་འབྱུང་བ།། ཐུགས་རྡོ་སྦལ་པ་ཆེན་པོ་འབྱུང་།། འགྲོ་བ་འདུལ་བ་བསྟན་པའི་རྩི།། གང་གིས་འདུལ་བ་དེ་བཞིན་དུ།། འདྲལ་བའི་རོལ་ཅིར་ཡང་སྟོན།། ཡབ་ལ་དགྱེས་ཤིང་ཡུམ་ལ་ཆགས།། ཆགས
30b4 མདངས་ཀྱིས་དགྱེས་པ་ན།། སེམས་དང་སེམས་སུ་འདྲེས་པས་ན།། སེམས་ཉིད་མི་འགྱུར་བརྟན་པའི་མཆོག། དགྱེས་པ་ཆེན་པོས་དབབ་ཏུ་གསོལ།། ཨེ་མ་མི་འགྱུར་བརྟན་པ་ལ།། འགྲོ་བ་ཀུན་གྱི་དོན་གྱི་ཕྱེར།། ཡབ་ལ་འཁྱུད་ཅིང་དགེས་པ་བསྐུལ།། འདོད་པས
30b5 གཡོས་ཤིང་རབ་ཏུ་འཛུམ།། བྲིམ་བག་བཅས་ཤིང་བརྩེ་བ་སྐྱེ།། མཆུ་འགུལ་གྱི་འདྲིལ་རབ་ཏུ་གདུང་།། རྩ་རྣམས་རབ་ཏུ་རྒྱས་མཛད་དེ།། བདྨ་ལ་ནི་བདེ་བ་དབབ།། ཨེ་མ་སྟོན་པ་ཡུམ་དང་བཅས།། ཡུམ་ནི་དགེས་པས་ཡབ་ལྷ་འཁྱུད།། ཡབ་ཀྱི་བདེ་བ་ཆེན་པོ་འདི།
30b6 ཡུམ་གྱིས་དགེས་པས་བསྐང་བའི་ཕྱིར།། གསང་བའི་རྡོ་རྗེ་བདེ་བ་འབེབས།། བདེ་བ་ཆེན་པོ་འདི་དག་ནི།། ཡུ་མ་ལ་དབབ་ཀྱི་དགེས་པར་མཛོད།། ཡབ་ཡུམ་བདེ་བ་ཆེན་པོ་འདི།། དགེས་པ་ཆེན་པོས་དབབ་པར་མཛོད།། ཨེ་མ་ཨོཾ་ཨཱཿཧཱུ~ཾ་ཕཊ། ས་མ་ཡ་ཧོཿ། ས་མ་ཡ
30b7 ཨ་ན?་མྲག་ཡཱཾ་མི། ཨ་ནུ་དཱག་ལ་ཧཱུཾ། ཛུ་ཨུ་ཧོཿ། ཧཱུཾཧཱུཾཏྠ། གཉིས་སུ་མེད་པར་མཉམ་སྦྱར་ནས།། བདེ་བ་ཆེན་པོའི་བྱིན་རླབས་པས།། ཐམས་ཅད་དབང་བསྐུར་སྒྲིབ་སྦྱངས་ནས།། ཉོན་མོངས་སྦྱངས་ཤིང་བྱང་སེམས་འགྲོ།། དྲག་པོ་ལ་སོགས་རྣམ་པའི་ཡིས།། རྀ




iiif viewer powered by OpenSeadragon

30a - 31a

Texts on this page

Gdg021.2 - rdo rje phur pa chen po gtor ma'i rgyud