e-texts navigator
Collection
Volume
Page
Wylie

29b1 བསྒྲུབ་མི་དགོས།། རྩོལ་མེད་ལམ་ལ་བགྲོད་མེ་དགོས།། རིམ་པསས་ལ་སྦྱང་མི་དགོས།། ཡང་དག་ཉིད་དུ་དོན་རྟོགས་པས།། དེ་མ་རྟོགས་པས་འབྲས་བུ་མེད།། བསྒོས་མེད་རྩོལ་མེད་སྙིང་པོའི་དོན།། ཉམས་སུ་ལེན་པའི་དམ་པའདྲ།། ཉམ་མ་གོ་པ
29b2 ངས་པ་འདིས།། རྟོག་པས་འབྲས་བུ་གང་བལྟས་པ།། དེ་ཉིད་རྟོག་པ་ཉིད་དུ་འགྱུར།། རྟོག་པས་བལྟས་པ་འཁོར་བའི་ཆུ།། རྟོག་པ་ཉིད་ཀྱང་ངེས་བཟུང་བྲལ།། ངེས་པ་རྟོགས་པ་གང་དུ་འཛིན།། མ་ངེས་རྟོག་པར་གཟུང་བ་མེད།། དེ་ཕྱིར་རྟོག་པའི་ངས་བཟུང
29b3 མ་རིག་རྟོག་པའི་གཟུང་འཛིན་བྲལ།། རྒྱ་ལས་བསྐྱེད་པར་སྣང་མི་སྣང་།། ཆུ་ལས་བསྐྱེད་པར་གྱུར་པ་ན།། རྒྱ་ལས་བསྐྱེད་པར་འཇིགས་པར་འགྱུར།། དེ་ལ་ཡང་དག་དོན་མི་དགོས།། གལ་ཏེ་ཆུ་ལས་མ་གྲུབ་ན།། དཔེར་ན་ནམ་མཁའ་སྟོང་པ་།། ཆུ་ཆེ
29b4 རྐྱེན་གྱིས་དེ་མི་འཇིགས།། མ་རིག་ཏུ་མིད་སྟོང་པ་ལ།། ཇི་ལྟར་བྱས་ཀྱང་དལ་བའི་ཆུ།། དཔེར་ནནམ་མཁའ་སྟོང་པ་ལ།། རྒྱུ་དང་རྐྱེན་དུ་མ་བསྟན་ཀྱང་།། སྤྲིན་དང་ན་བུན་ཁུ་དྲངས་འབྱུང་།། དེ་བཞིན་སེམས་ཉིད་སྟོང་པ་ལ།། རྒྱ་ལས་བསྐྱེད་དང་མ་བརྐྱད
29b5 པའི།། དོན་ཉིད་ཡང་དག་བཤད་དཀའ་ཡང་།། མ་རིག་ནམ་མཁའི་སྤྲིན་དང་འདྲ།། ནམ་མཁའ་སྤྲིན་དུ་མ་ཤེས་ཤིང་།། སྤྲིན་ཉིད་ནམ་མཁར་མ་ཤེས་ན།། སྤྲིན་དང་ནམ་མཁའ་ཐ་དད་མེད།། སེམས་ཉིད་སྟོང་པ་ནམ་མཁའ་ལ།། མ་རིག་པ་ཉིད་སྤྲིན་དང
29b6 འདྲ།། མ་རིག་ཡེ་ཤེས་ཐ་དད་མེད།། མ་རིག་པ་ཉིད་ཡང་དག་ལམ།། འཁོར་བ་ཉིད་ཀྱང་བདེ་གཤེགས་རྒྱུ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། དཔེར་ན་རིན་ཆེན་གསེར་གླིང་འདྲ།། རིན་ཆེན་གསེར་གླིང་ཕྱིན་གྱུར་ན།། དབྱིབས་དང་ཁ་དོག་ཐ་དད་ཀྱང་།། ཐམས
29b7 ཅད་གསེར་གྱི་ངོ་བོར་གཅིག། དེ་བཞིན་སེམས་ཀྱི་མཚན་ཉིད་ཀྱང་།། མཚནས་སྣ་ཚོགས་ཅིར་སྔང་ཡང་།། ཐམས་ཅད་སེམས་ཀྱི་ངོ་བོར་གཅིག། བསྟན་པའི་སྙིང་པོ་དམ་པ་འདི།། འདི་དང་འདི་རུ་བསྟན་པར་ནི།། བདེར་གཤེགས་ཉིད་ཀྱིས་བརྗོད་པར་དཀའ།།




iiif viewer powered by OpenSeadragon

29a - 30a

Texts on this page

Gdg021.2 - rdo rje phur pa chen po gtor ma'i rgyud