| | e-texts navigator
|
29a1 བར་གྱུར་བ་སྟེ། འག་མན་དམ་པའི་གནས་མཐའ་དང་དབུས་མེད་པ་ན། རིན་པ་ཆེའི་གཞལ་ཡས་ཁང་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་སྣང་བ་ན། བྱང་ཆུབ་སེམས་དཔའི་འཁོར་མང་བ་དང་། གཉིས་སུ་མེད་པར་འཇུགས་རྣསས་ཏུ
29a2 པའི་ངང་གིས་རྣམ་པ་གསུམ་གྱི་ཚུལ་དུ་སྟོན་པར་གྱུར་ཏེ། ཐམས་ཅད་མཁྱེན་པ་མ་ལུས་པ།། ཡང་དག་དོན་རྣམས་བསྟན་པའི་ཕྱིར།། ཐུགས་རྗེ་རྒྱ་མཚོ་ཆེན་པོ་ལ།། ཐམས་ཅད་འབྱུང་ཞིང་རྣམ་པར་འདུ།། ཉོན་ཡོངས་སྤངས་པའི་ཕ་རོལ་ན།། རྒྱལ་བ་བྱ་བ་རྡུལ་ཙམ་མེད།། སེམ
29a3 ཉིད་བྱང་ཆུབ་སེམས་འདི་ཡང་།། རྒྱལ་བར་གྱུར་པའི་སྙིང་པོ་ཡིན།། སྟོང་པའི་ཆོས་ཉིད་དམ་པ་ཡིན།། སྣང་བ་མ་འགགས་ལྷུན་གྱིས་གྲུབ།། གཉིས་སུ་མེད་པའི་དམ་པ་ཡིན།། འཁོར་བའི་བཅུད་ཕྱུང་བདེ་གཤེགས་རྒྱུ།། འཁོར་བའི་དྲི་མ་རང་བཞིན་དང་།། རྒྱུད་དང་ལུང་དང་མན
29a4 ངག་གསུམ།། བསྟན་ཅིང་གོ་སྟེ་ཤིན་ཏུ་གསལ།། མེད་པ་མ་ཡིན་སྙིང་པོའི་དོན།། ནམ་མཁའི་སྙིང་པོ་མཐའ་ཡས་མཆོག། ངེས་མེད་སེམས་ནི་སྣ་ཚོགས་ཏེ།། སྣ་ཚོགས་ངོ་བོ་གཅིག་ཏུ་སྣང་།། སྣང་བ་ཉིད་དུ་གཟུང་དུ་མེད།། ཐམས་ཅད་མཆོག་གི་སྙིང་པོ་འདི།། གཞན་དུ་རྒྱལ་བས་ཆོས
29a5 མི་བཙལ།། རང་རིག་སྙིང་པོ་མ་རྟོགས་ན།། བཙལ་བས་རྒྱལ་བའི་ཆོས་མི་རྙེད།། འཁོར་བ་མེད་ཅིང་སངས་རྒྱས་མེད།། ལྷ་ཡང་མེད་ཅིང་འདྲེ་ཡང་མེད།། མཐོ་རིས་མེད་ཅིང་ངན་སོང་མེད།། ཐམས་ཅད་སེམས་ཉིད་རིག་པའི་ཀློང་།། འདི་ནི་གང་ཡིན་པདེར་གཤེགས་རྒྱུ།།
29a6 དེ་ཉིད་མ་སྤངས་ཀུན་གྱིས་གྲུབ།། མ་བཙལ་མ་བསྒྲུབས་ལྷུན་གྱིས་གྲུབ།། ཀུན་ཏུ་བཟང་པོ་ཐམས་ཅད་མཁྱེན།། རྡོ་རྗེ་སེམས་དཔའི་དོན་རྣམས་སྟོན།། ཀུན་ཏུ་བཟང་པོ་རྡོ་རྗེ་སེམས།། གཉིས་སུ་མེད་པའི་འདུལ་བའི་དོན།། གུ་བཟང་དམ་པ་ལྷ་ཡི་ལྷ།། ཚད་མ་གསུམ
29a7 ནི་ངེས་བཟུང་ནས།། ངེས་གཞི་དོན་ལ་ཡང་དག་འབེབས།། གཉིས་སུ་དོན་ཏོག་གང་འཛིན་པ།། གཉིས་མེད་ངོ་བོར་ཡོངས་མི་འགྲུབ།། དྲུག་དང་བཅུ་ཡིས་མ་གྲུབ་ཅིང་།། བཅུ་བདུན་རྩ་གཅིག་ངེས་པར་འགྲུར།། ངེས་གཟུང་མེད་པར་དོན་རྟོགས་ན།། ཐོབ་མེད་འབྲས
iiif viewer powered by OpenSeadragon
28b - 29b