e-texts navigator
Collection
Volume
Page
Wylie

28b1 པར་མཛད།། རྣམ་རྟོག་ཞན་མངས་ཐམས་ཅད་འཇམས།། ཐམས་ཅད་བད་པའ་ལམ་ལ་འགད།། རླུང་གཏུམ་རྣམས་མདྲངས་པས།། སེམས་ཅན་ཀུན་ལ་གནོད་པར་བྱེད།། བརྩམ་ལྡན་ཐུགས་ཀྱི་ཕུར་ས?།། དེ་དག་སྦྲུལ་མཛད་ཕྱག་འཚལ་བསྟད།
28b2 འཇིགས་བྱེད་ཁྲོ་བོའི་ཚོགས་བཅས་ཀྱིས།། ཕྱོགས་སྐྱོང་དྲེགས་པ་ཚར་བཅད་དེ།། སེམས་ཅན་ཐམས་ཅད་བདེ་ལ་བཀོད།། འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད།། ཅེས་ཕྱོགས་བཅུའི་ཁྲོ་བོའི་ཚོགས་དང་། འཁོར་སྤྲུལ་པའི་ཕྲ་མིན་གྱི་ཚོགས་དང་། འཇིག་རྟེན་དང
28b3 འཇིག་རྟེན་ལས་འདས་པའི་འཁོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། རྗེས་སུ་ཡི་རང་ངོ་།། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། ཟོར་མནན་སྲེག་དང་བསྟོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །། ཕུར་པ་ཕྲིན་ལས་ཀྱི་རྨད
28b4 ཅེས་བྱ་བ་རྫོགས་སོ།། རྡོ་རྗེ་ཕུར་བུའི་ལས་རྒྱུད་འདི།། ཨུ་རྐྱེན་མཁའ་འགྲོའི་གླིང་དག་ནས།། རྗེ་བཙུན་པདྨ་འབྱུང་གནས་ཀྱིས།། སེམས་ཅན་དོནི་དུ་དགོངས་ཏེ་བྱོན།། སྔོན་གྱི་ལས་འཕྲོ་འབྲེལ་པ་ཡིས།། རོང་པོ་མ་གཞོན་པོས་འོ་སློབ་ཀྱིས།། དེ་ལས་བྱུང
28b5 བསོད་ནམས་ཀྱིས།། ཁམས་གསུམ་ཉིད་རྗེས་སྒྲོལ་བར་ཤོག། འདིར་ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་རྩ་བའི་རྒྱུད་རྟོག་པ་བཅུ་གཉིས་པའི་རྒྱུད་དང་། རྒྱུད་ཕྱི་མ་ཟབ་པའི་རྒྱུད་རྣམས་འདིར་གཞུག་པར་བྱའོ།། སིདྷི་ར་སྐུ།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ
28b6 མ་ཧཱ་པ་ལིཾ་ཏ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཐམས་ཅད་མཁྱེན་པས། སུ་ཏྲམས་ཅད་ཀུན་ཏུ
28b7 གསལ་ཞིང་མཚན་དང་དཔེ་བྱང་དུ་ལྡན་ནས། ཐམས་ཅད་ཀུན་ཏུ་མི་བསྒྲིབས་པས། ཕྱོགས་ཐམས་ཅད་ནས་གསལ་བར་གྱུར་ཏེ། ལྷན་ནེ་ལྷང་ངེ་མ་བསྒྲིབས་པར་གསལ་བ་སྟེ། གསང་སྔགས་དམ་པ་འབྱུང་བའི་དུས་ན་བྱིན་གྱིས་བརླབས་ཀྱིས་སྟོན་པ་ཉིད་དུ་རྣམ་པར་གོ




iiif viewer powered by OpenSeadragon

28a - 29a

Texts on this page

Gdg021.1 - phur pa karma las kyi rgyud
Gdg021.2 - rdo rje phur pa chen po gtor ma'i rgyud