| | e-texts navigator
|
281b1 ཀྱི་ཉི་མྲའི་གདན་ལ་སེམས།། ཡེ་ཤེས་ཟླ་བ་བརྩེགས་པ་བསྒོམ།། དཀྱིལ་ན་ཨ་དང་ལེ་ཉིད་དེ།། ། ཁ་འཐོང་ཐབས་ཀྱི་ཡི་གེ་ནི།། ཤེས་རབ་ཡེ་ཤེས་རྣམ་པར་སྦས།། མཚན་དང་དཔེ་བྱུད་ལྡན་པར་བྱེད།། ཤེས་རབ་སྒྲ་ཡིག་བཅུ་དྲུག་ནི།། རྣམ
281b2 པ་གཉིས་སུ་གྱུར་བའོ།། ཨ་ཨཱ། ཨི་མཱི། ཨུ་ཨཱ། ཨོཾ་ལཱྀ། ཨ་ལཱྀ།། ཨཾ་ཨཱ། རནྟ། མ་གྲཱྀ། ཡེ་ཤེས་ལྔ་ཡི་རང་བཞིན་ལས།། རིགས་ལྡན་རྣམ་པར་སྣང་མཛད་ནི།། ཆོ་ག་ལྔ་ཡི་སྤོ་བསྐུ་ཡིས།། ཡེ་ཤེས་མངོན་པར
281b3 ཆུབ་པའོ།། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས།། སྲག་སུང་ཐུགས་སུ་ཡང་དག་ལྡན།། དབང་བསྐུར་བྱ་སྟེ་བསྒྲུབ་པར་བྱ།། ཐབས་མཁས་ཐབས་དང་ལྡན་པ་སྟེ།། ནམྱ་མཁའ་དབྱིངས་ཀྱི་དབུས་གནས་པར།། སངས་རྒྱས་དཀྱིལ་འཁོར
281b4 བསྒོམ་ནས་ནི།། ཐབས་དང་ཤེས་རབ་ཡི་གེར་བཅས།། སྙིང་གའི་པདྨ་ཁ་སྦྱར་བ།། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི།། སྡང་མཛད་འཁོར་ལོ་འཛིན་པ་གནས།། ལྟེང་ཨཱཾ་ཀྱིས་མཚན་པ་ལ།། འོད་ཟེར་མཚོན་ཆར་ལྡན་པ་རྣམས།། བྱུང
281b5 ནམ་མཁའི་ཁམས་ཁྱབ་པས།། རྒྱ་ལྭ་བའི་ཚེག་དྲངས་སློང་དུ་གྱུར།། ས་ལ་སོགས་པའི་རང་བཞིན་ལ།། ཁ་དོག་ལྔ་ཡི་རང་བཞིན་ནི།། སྐུ་ཡི་རྩེ་མོར་བརྟག་པར་བྱ།། བདག་ཉིད་ཆོས་ཀྱི་ཕྱག་རྒྱ་ལས།། གཟུགས་རྣ་མྱས་མཐོང་བར་གྱུར་པ་མ།
281b6 མཚོན་ཆ་མཆོག་གིས་དྲངས་ནས་མུ།། པདྨའི་དཀྱིལ་འཁོར་ཐིམ་གྱུར་ནས།། སྙིང་གའི་རྩེ་མོར་བརྟག་པར་བྱ།། གཉིས་སུ་མེད་པར་རབ་སྦྱོར་བ།། འོད་ཟེར་ལྕགས་ཀྱུ་རྣམ་འཕྲོས་པས།། ཡེ་ཤེས་དཀྱིལ་འཁོར་རྒྱུན་བཞུགས་ནས།། ཨོཾ་གྱིས་འཛིན་པར་བྱེད་པ
281b7 ལ།། ཕར་གྱིས་འཕངས་པས་གསང་བར་འདུས། ཡེ་ཤེས་ལྔ་ཡི་བདག་ཉིད་ནི།། སཱ་ཡི་ཙ་མོ་རྟག་པར་བྱ།། བྱང་ཆུབ་སེམས་ཀྱི་བདག་ཉིད་ནི།། ཡེ་ཤེས་འོང་བའི་རང་བཞིན་ལས།། ཟུང་འཇུག་ཏིང་འཛིན་ལ་གནས་པས།། གས་བའི་ད་ཀྱང
iiif viewer powered by OpenSeadragon
281a - 282a