e-texts navigator
Collection
Volume
Page
Wylie

27b1 འཕང་།། མ་མ་འཐོར་ནི་སྲོད་ལ་སྟེ།། སྲིན་པོའི་ཟོར་ནི་ཐོ་ར་དྲ་འཕངས།། ཟོར་ལམ་ཕྱེ་ལ་ཁྲོ་བས་འཕངས།། མདའ་དང་ཐ~ཾད་ཟེར་ལྷས་ཀྱང་བལྟ།། བོར་བ་ཟློག་ན་བདུན་དགུར་བགྱུར།། དེ་ནས་དྲག་ཏུ་བསྐུལ་དེ་འཕངས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།
27b2 སྐད་ཅིག་ཉིད་ལ་སྒྲོལ་བར་འགྱུར།། རྡོ་ན་གའུར་རྡོས་འཕང་བར་བྱ།། མདའ་འཕང་མདེའུའི་མེ་སྟག་ནི།། གཡས་སུ་འཕྲོ་དང་གཡོན་དུ་འཕྲོ།། གང་ལ་ལོག་པའི་དྲོད་ཚད་བཟུང་།། ཁྲག་ལ་དེ་བཞིན་བལྟ་བ་སྟེ།། ལྕགས་དང་འཁྱིལ་དང་འཕྲོ་བའོ།། ལྟས་ཀྱི་རྣམ་པ་དེ་ངས
27b3 ཞིང་།། ཟོར་ནི་རབ་ཏུ་འཕང་བར་བྱ།། ཟོར་ཐོད་བུ་པ་དང་ལོག་ལྟས་ནི།། ཕྱི་རོལ་རྟགས་སུ་ཤེས་པར་བྱ།། ལས་ཀུན་མཐའ་ནི་ཟོར་གྱིས་བསྐུལ།། ཕྲིན་ལས་རྣམ་བཞིས་མནན་བྱ་སྟེ།། ཨེ་ལས་གྲུ་གསུམ་དཀྱིལ་འཁོར་བསྐྱེད།། ཞེ་སྡང་རྡོ་རྗེ་འཁོར་བཅས་པས།། འཇིག
27b4 རྟེན་ཁམས་ནི་ཐམས་ཅད་ཀུན།། ཁྲོ་བོར་མ་གྱུར་གང་ཡང་མེད།། ཐམས་ཅད་ཐལ་བ་རྡལ་དུ་ཟློ་ག། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། བཾ་ལས་དབང་གི་དཀྱིལ་འཁོར་ནི།། བླ་གམ་དག་ཏུ་བསྐྱེད་པར་བྱ།། འདོད་ཆགས་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི
27b5 རབ་འབྱམས་ཀུན།། དབང་གི་ཁྲོ་བོར་མ་གྱུར་མེད།། ཐམས་ཅད་དབང་དུ་འདུ་བར་མཛོད།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བ་ཤཾ་མ་ན་ཧོ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཡ་ལས་རྒྱས་པའི་དཀྱིལ་འཁོར་ནི།། གྲུ་བཞི་དག་ནི་བསྐྱེད་བྱ་སྟེ།། ང་རྒྱལ་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན
27b6 ཁམས་ནི་ཐམས་ཅད་ཀུན།། རྒྱས་པར་མ་གྱུར་གང་ཡང་མེད།། ཚེ་དང་བསོད་ནམས་འཕེལ་བར་མཛོད།། ཨཱིཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྚིཾ་ཀུ་རུ་སྭཱ་ཧཱ། མ་ལས་ཞི་བའི་དཀྱིལ་འཁོར་ནི།། ཐུམ་པོ་དག་ཏུ་བསྐྱེད་པ་སྟེ།། གཎྜཱི་མུག་རྡོ་རྗེ་ག་པོར་བཟླས་པས།། འཇིག་རྟེས་བསྟ་ནི་ཐམས་ཅད་ཀུས། ཞིང་།
27b7 གྱུར་གང་ཡང་མེད།། ཐམས་ཅད་མ་ལུས་ཞི་བར་མཛད།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཐཱ། རྡོ་རྗེ་གཞོན་ནུའི་ཞབས་ཀྱིས་མནན།། འཁོར་ལོ་རྒྱས་འདེབས་རྟ་ག་ཐཱ།། ཁྲོ་བོའི་ཚོགས་ཀྱི་བྲེས་སུ་བསྔོ།། བཟའ་བའི་མེ་ཡི་ཕུང་པོར་བསྲེགས།། མི་ཤེས་།




iiif viewer powered by OpenSeadragon

27a - 28a

Texts on this page

Gdg021.1 - phur pa karma las kyi rgyud