e-texts navigator
Collection
Volume
Page
Wylie

278a1 རྣམས་ཅག་དང་པོན་འཛིན་པ། གཡོན་པས་རང་དང་འདྲ་བའི་ཤེས་རབ་མ་རྣམས་ལ་འཁྱུད་བ། བཛྲདྡྷ་ས་དབང་བསྲུང་བ། མཚན་དང་བབྱད་དྲུ་བཅས་པ། སྙན་ན་དང་མཐར་ཆུ་དང་། དབྱུང་ཅན་དང་། མམད
278a2 སོགས་པས་མཛེས་པར་བྱས་པ་དང་། སྒེག་མོ་ལ་སོགས་པ་རྣམས་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་ལ་ལ་སོགས་རང་རང་གི་མདོག་དང་། ལག་ཆ་འཛིན་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་གདན་ལ་འཁོད་པར་གྱུར་ཏོ།། དེ་དེའི
278a3 གཤེགས་པ་ཐམས་ཅད་ཀྱི་སུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། དཀྱིལ་འཁོར་གྱི་ཕྲེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོ་དེ་བསྙེངས་པ་མི་མངའ་བ
278a4 ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། གནས་བསྲུང་བ་འདི་ལྟ་བུ་གསུངས་སོ།། དངོས་པོ་མེད་ལས་དངོས་པོའི་ཚོགས།། སྣ་ཚོགས་རྣམ་པར་འབྱུང་བར་འགྱུར།། ངོ་བོ་ཉིད་ཀྱིས་ཡང་དག་པར།། དངོས་རྣམས་ཉིད་ན་དངོས་མེད་པའོ།།
278a5 ཆོས་ཀྱི་དབྱིངས་ཀྱི་ཁྱད་པར་ལས།། རྒྱུ་ཡི་དངོས་པོ་གསལ་བྱས་ཏེ།། གནས་ནས་གནས་བསྲུང་རྣམ་པར་བརྩམ།། ཨ་ཡིག་དང་པོ་ལྔ་པར་ལྡན།། བཅུ་གཅིག་པ་ཡི་ཐིག་ལེ་ཡིས།། སྤྱི་བོའི་གཙུག་ཏུ་བརྟག་པར་བྱའོ།། གྲངས་ལས་འཁོར་ལོ
278a6 རྩིབས་བཅུ་པ།། རིག་པ་ཅུང་ཟད་སེར་བ་ལས།། ཉི་མའི་དཀྱིལྔ་འཁོར་བསམ་པར་བྱ།། སྟེང་འོག་པདྨ་ལྷ་ཆེན་པོ།། ཉི་མའི་དཀྱིལ་འཁོར་དབུས་སུ་ནི།། ཁྲོ་བོ་ཞེ་སྡང་གནས་ལས་བསྐྱེད།། ཞལ་གསུམ་ཕྱག་ནི་དྲུག་པ་སྟེ།། གཡས་དཀར་གཡོན་དམར་དབུས
278a7 མཐིང་ཞ་ལ།། ཕྱག་གཉིས་ཧཱུཾ་གི་རྒྱང་ཅིངས་ཏེ།། དང་པོ་རྡོ་རྗེ་དྲིལ་བུ་འཛིན།། ལྷག་མཇི་ལྟང་འདོད་པ་མིན།། གང་ཡེ་ཤེས་སེམས་དཔའ་གནས།། ཧཱུཾ། དེ་ལེས་གནོད་མཛེས་རྒྱལ་ཟན།། ཐུགས་ཀནས་ནི་ཟུང་མྱུར་ཏེ།། སྤྱན་སྔང་དཀའ་དོད་ཚུལ་དུ




iiif viewer powered by OpenSeadragon

277b - 278b

Texts on this page

Gdg021.28 - rdo rje 'bar ba'i rgyud