e-texts navigator
Collection
Volume
Page
Wylie

277b1 རྣམ་བསྒོམ་སྟེ།། ཆོས་གཅིག་པོ་འདི་རྩ་བའི་ཕྱིར།། ཆོས་རྣམས་ཀུན་དང་འདྲ་བ་གསུངས།། དེ་བས་ཤེས་རབ་སྙིང་རྗེ་ནི།། ཐེག་པའི་རང་བཞིན་ཁོ་ནའོ།། གཞན་གྱི་དོན་དུ་སེམས་བསྐྱེད་ཕྱིར།། བྱམས་དང་དགའ་དང་བཏང་སྙོམས་སོན་ན།།
277b2 རྣལ་འབྱོར་པ་ཡིས་ལེན་པར་བྱ།། སེམས་ཅན་དོན་ལ་དམིགས་པ་དང་།། ཆོས་ཙཱམྦ་ལཱ་ནཱི་དམྱིགས་པའོ།། མི་དམིགས་པ་ལ་དམིགས་པ་ཡིས།། ཚད་མེད་བཞི་པ་བསྒོམ་པར་བྱ།། དེ་ནས་རྒྱ་ཡི་ས་བོན་བསམ།། བྷྲཱུཾ་གནས་བསྡུ་བ་བརྩམ་པ
277b3 དང་།། དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས།། དེ་རུ་ཡི་གེ་འབྲུ་བསྣམ་མོ།། ཡཱཾ་རཾ་བཾ་ལ~ཾ་ཏཾ་བྷྲཱུཾ་ཧཱུཾ། དེ་ནས་དགྱེས་པ་ཆེན་པོ་དེ། སུ་གསུང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ཉིད་སྔགས་ཀྱི་བདག་པོ་ཆེན་པོར་བྱིན་གྱིས་བརླབ
277b4 སོ།། པརླབས་མ་ཐག་ཏུ་ཞལ་གསུམ་ཕྱག་དྲུག་པར་སྣང་བར་གྱུར་ཏོ།། དེ་ནས་དེ་ཉིད་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཁོར་སྲུལ་བསྡུས་ནས་ཤེས་རབ་མ་དང་དགའ་བར་བྱས་སོ།། དེ་ནས་ཡང་དཀྱིལ་འཁོར་འབྱིན
277b5 པའི་སྔགས་འདི་གསུངས་སོ།། ཨོཾ་ཨཱཿདྷྭཾ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས།། བཙུན་མོ་ཡུམ་གྱི་རྟག་ལ།། རིམ་པ་བཞིན་ཏུ་དགོད་བྱ་སྟེ།། གསང་བ་ཡུམ་གྱི་དམཚིག་རྣམས།། ལྡན་པར་བྱ་ཕྱིར་གདོན་པར་བྱ།། དེ་ནས་ཐུགས
277b6 རྗེ་ཆེན་པོ་དང་ལྡན་པའི་དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པ་རྣམས། དཀྱིལ་འཁོར་གྱི་ལྟེ་བ་དང་རྩིབས་དང་སྒྲིབས་མཚན་དང་། གྲུ་ཆེད་དང་། སྒོ་བཞིག་རིམ་བཞིན་དུ་གནས་པར་གྱུར་ཏོ།། དེ་ཡང་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། དཀོན
277b7 མཆོག་དཔལ་དང་། ཚད་པག་ཏུ་མེད་པ་དང་། གྲུབ་པ་གདོན་མི་ཟ་བ་རྣམས་དང་། དཀར་པོ་དང་། མཐིང་ག་དང་། དམར་པོ་དང་། སེར་པོ་དང་། ལྗང་གུའི་མདོག་ཏུ་སྣང་བ་དང་། འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ར་ལ་པྲ




iiif viewer powered by OpenSeadragon

277a - 278a

Texts on this page

Gdg021.28 - rdo rje 'bar ba'i rgyud