e-texts navigator
Collection
Volume
Page
Wylie

277a1 སུ་མེད་པར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལོངས་སྤྱོད་པར་མཛད་དུ། སྟོང་གསུམ་གྱི་སྟོང་ཆེན་པོ་ཡང་སྡང་བར་མཛད་པ་དང་། གཞན་ཡང་དང་པོ་ཉིད་ཀྱི་དཀྱིལ་འཁོར་ནང་དུ
277a2 ཞལ་འཛུམ་པ་མཛད་དེ་མི་སྣང་བར་གྱུར་ཏོ།། ཀྱེ། ཁྱོད་ནི་སྙིང་རྗེ་དང་ལྡན་འགྲོ་བའི་གཉེན་མཆོག་སྟེ།། བྱམས་པས་ཀུན་པ་སྐྱོབ་ཅིང་ཕན་མཛད་པ།། དགའ་བའི་པདྨ་རྒྱས་པ་བདག་ལ་ཡོད། བདེ་བ་ཆེན་པོ་བཏང་སྙོམས་བདེ་བའི་གར་མཛོད་ཅིག
277a3 དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་དེ་ཞལ་གསུམ་ཕྱག་དྲུག་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛོད་ལ་སོགས་པས། ཛྙཱ་པེ་ལ་སོགས་པ་ཕྱིའི་མཆོད་པ
277a4 དང་། སྒེག་མོ་ལ་སོགས་པ་ནང་གི་མཆོད་པ་དང་། མེ་ཏོག་ཀ་ནིཥྐ་ལ་སོགས་པ་གསང་བའི་མཆོད་པས་ཡང་དགྲ་པར་མཆོད་དེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག། དེ་བཞིན་གཤེགས་པ་ཀུན་གྱི་གནས།
277a5 སྲུ་གསུང་ཐུགས་ཀྱི་གསང་བ་རྣམས།། རབ་དགྱེས་ཁྱོད་ཀྱིས་བཤད་དུ་གསོལ།། ཞེས་བརྗོད་པས། ཉིད་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས། ཟིལ་གྱིས་གནོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཨོཾ་མ་ཧཱ་ཤཱནྱ་དྷ་ཛྫ།
277a6 ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ངོ་བོ་ཉིད་ཀྱིས་སྟོང་པ་ལ།། བདག་དང་ཆོས་དང་རྣམ་རིག་དང་།། གཟུང་དང་འཛིན་པ་རྣམ་སྤངས་པ།། སྟོང་པ་ཉིད་ཀྱི་རང་བཞིན་ནོ།། སྟོང་ཉིད་ཡེ་ནས་གནས་པ་ལས།། ཤེས་པས་མཐོང་བའི་ཡུལ་མིན་ཏེ།། གང་གིས
277a7 ཡེ་ཤེས་བསྲིད་འགྱུར་བ།། དེ་ཡིས་ཡང་དག་རྣམ་པར་མཐོང་།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས།། སེམས་བསྐྱེད་པ་འདི་གསུངས་སོ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས།། སྙིང་རྗེའི་ཡུལ་ནི




iiif viewer powered by OpenSeadragon

276b - 277b

Texts on this page

Gdg021.28 - rdo rje 'bar ba'i rgyud