| | e-texts navigator
|
275b1 ཁྱབ་བྱེད་རླུང་དུ་དེ་ཡང་གྲགས།། དེ་རུ་འོད་ཀྱི་ཐིག་ལེར།། དེ་ལས་གྱུར་པ་གསུང་རྡོ་རྗེ།། དེ་ནི་གསུང་གི་རྡོ་རྗེ་འབར།། དེ་ལས་གྱུར་བ་རྡོ་རྗེ་གནས།། དེ་ནི་ཐུགས་ཀྱི་རྡོ་རྗེ་འབར།། མཁས་པས་སྤྲོ་བསྡུ་བྱས་པ་ཡིས།། ཕར་འཕྲོས་པས་ནི་དགྲ་བགགས་འདུལ།།
275b2 སྦྱར་འདུས་རང་གི་བག་ཆགས་བསྐྱེག། དེ་ནི་ལས་ཀྱི་རྡོ་རྗེ་འབར།། ཕུང་པོ་རྡོ་རྗེས་གཏིམ་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམས།། རྟག་ཏུ་དེ་ལྟར་དེ་གནས་པ།། སྐུ་ཡི་རྡོ་རྗེ་འབར་བ་ཡིན།། དེ་ལ་དབང་དང་བྱིན་བརླབས་པས།། ཡོན་ཏན་རྡོ་རྗེ་འབང
275b3 པའོ།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། རིག་ཀྱི་བདག་པོ་ཡབ་ཡུམ་དང་།། དེ་ལྟར་རྫོགས་པའི་ཀུ་མ་ར།། ཀུན་གཞིའི་རྣམ་ཤེས་ཉིད་དུ་འདོད།། དེ་ཡང་རྒྱུ་ཡི་ཧཱུཾ་ལཱ་སྣ་བསྒྱུར།། དེ་ཡུལ་དོན་གྱིས་རྒྱས་འདེབས་མ།། གཉིས་སྒྲ་མེད་པ་རྩ་བའི་དཀྱིལ།།
275b4 དེ་ཡི་ཁྱད་པར་བྱིན་བརླབས་ལས།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་སེར་སྣ་དང་།། སྒྲིབ་པ་ལུང་དུ་མ་བསྟན་བཞི།། དེ་ལྟར་མི་དགེ་བཅུ་པ་ནི།། ཧཱུཾ་རིང་བཅུ་ཡི་ས་བོན་ལས།། སོ་སོའི་རང་སྔགས་རྟེན་སྟོབས་ཀྱིས།། བརྗོད་པས་ཁྲོ་བ
275b5 བཅུ་རུ་གྱུར།། དེ་ཡི་ཆ་འཛིན་ཤེས་པ་བཅུ།། ཏྲཱ~ཾ་ལ་བརྟེན་པ་སྔ་མ་བཞིན།། རྣམ་ཤེས་ལྔ་དང་དབང་པོ་ལྔ།། ཛ་ལ་བརྟན་ནས་གནས་བསྒྱུར་བ།། གསོད་པའི་ཟ་བྱེད་ཕ་བཅུར་སྤྲུལ།། ཡུལ་དང་དུས་ཀྱི་ཆ་འཛིན་ལྔ།། གསོད་མ་བཅུ་རུ་སྔ་པ་བཞིན
275b6 ཁམས་དང་སྐྱེ་མཆེད་དེ་ལྟར་བ།། ཕྱོགས་བཅུའི་ཁྲོ་བོ་ཡིན་པ་གསུངས།། ཕྱག་གི་མཆོད་པ་ཡང་བ་ཨཱ་དཱ་པ།། རིགས་ལྔ་ཡབ་ཡུམ་སོར་མོ་རྣམས།། བྱས་པའི་བར་དུ་ཕུར་བ་བཅུག། གཉིས་སུ་མེད་པའི་བྱང་ཆུབ་སེམས།། དེ་ལ་བསྟིམས་པས་སྲས་གྱུར་པ།། ཕྲར་བ་རྫས་སུ་རྣམ་པར་བཅ།
275b7 དེ་ནས་འཁོར་གྱིས་ཡང་ཞུས་པ།། འཛབ་དང་བཟླས་པའི་དོན་ནི་གང་།། དཀྱིལ་འཁོར་དོན་ནི་ཇི་ལྟར་བསྡུ།། གསང་བའི་བདག་པོས་བཀའ་སྩལ་འཚལ།། འཛབ་བཟླས་རྣམ་པ་དུ་མ་ཡང་།། གྱི་ནང་གསང་བ་གསུམ་དུ་འདུས།། ཕྱི་ཡི་བསྒྲུབ
iiif viewer powered by OpenSeadragon
275a - 276a