| | e-texts navigator
|
273b1 པ་ནི། སྔོན་ལམ་དབང་གིས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ནི། གཞན་གྱི་དོན་དུ་བྱུང་བ་སྟེ། ཞུབ་བསྒྲག་པའི་ཆེང་དུ་ཞལ་འཛུམ་པ་མཛད་དེ་མི་སྡང་བ་ལས། ལྷ་མོའི་དབྱངས་ཀྱིས་བསྐུལ་བ་ལས། ཐུགས་ཞི་བའི་དང་ལས་ཁྲོ་བོ་འབར་བའི
273b2 སྐུར་བྱུང་ནས་འཁོར་རྣམས་ལ་གསང་བ་དང་གསང་ཆེན་དང་། ཡེ་ཤེས་ཀྱི་སྙིང་པོ་དང་གསུམ་གསལ་བར་བྱས་ནས་བཞུགས་པ་ལས། འཁོར་གྱི་ཁྲོ་བོ་དང་། ཁྲོ་མོ་དང་། ཕོ་ཉ་དང་། མངག་གཞུག་ལ་སོགས་པས། སྟོན་པ་ལ་ཞུས་པ་འདི་སྐད་ཅེས།
273b3 གསོལྔ་ལོ།། ཨེ་མ་ཧོ་སྟོན་པ་གསང་བའི་བདག། རྒྱས་པར་བཀའ་སྩལ་ཆུ་བ་རྫོགས།། བསྡུས་པའི་མན་ངག་རྨད་པོ་ཆེ།། བདག་ཅག་རྣམས་ལ་བཀའ་སྩོལ་འཚལ།། ཞུས་པས། དེ་ནས་སྟོན་པས་འཁོར་རྣམས་ལ། གསང་བ་དང་། གསང་ཆེན་དང་།
273b4 ཤེས་སྙིང་པོ་དང་ལྡན་པར་བྱས་ནས། ལེགས་སོ་འཁོར་གྱིས་ཞུ་བ་ལགས།། བསྡུས་པའི་མན་ངག་ཞུ་འདོད་ན།། ཁྱེད་ཅག་ང་ལ་གུས་པར་ལྷོགས།། དབང་དང་དམ་ཚིག་ལྡན་བྱོས་ལ།། གནས་དང་གྲོགས་དང་དུས་ཆོས་དང་།། རྫས་དང་ཡོ་བྱད་ལྡན་བྱོས
273b5 ལ།། ཏིང་འཛིན་འདི་ལ་གཙོར་རྟོགས་ཤིག། རྟེན་དང་དཀྱིལ་འཁོར་གསལ་བྲིས་ལ།། བསྒྲུབ་ན་དངོས་གྲུབ་མྱུར་དུ་ཐོབ།། ཅེས་བཀའ་སྩལ་པས། ཡང་འཁོར་གྱིས་ཞུས་པ། སེམས་ཅན་སངས་རྒྱས་ཇི་ལྟར་སྦྱིན།། དེ་རྒྱུ་ཅི་དང་ཊཱི་ལས་བྱུང་།།
273b6 སེམས་ཅན་སྤངས་རྒྱས་སུ་བྱ་བ།། དེ་ལ་ཐབས་ནི་གང་གིས་བྱ།། ཞེས་པས་ལན་དུ། སེམས་ཅན་སངས་རྒྱས་རྒྱུ་གཅིག་སྟེ།། ཡབ་ཡུམ་འདུས་པའི་སེམས་ལས་བྱུང་།། དངོས་པོ་རང་གཱ་སེམས་ཅན་ཆུ།། ཏིང་འཛིན་སྦྱོར་བའི་དཀར་དམར་ཇིག
273b7 སངས་རྒྱས་སྨིན་པའི་རྒྱུ་རུ་འདོད།། སེམས་ཅན་བླ་མེད་སྒྲུབ་འདོད་ན།། རང་སེམས་བརྟག་པ་ཐམས་ཅད་མཆོག། ཅེས་གསུངས་སོ།། རང་སེམས་བརྟག་ནི་ཇི་ལྟར་བརྟག། སེམས་ཀྱི་ཡུལ་ནི་གང་གིས་བྱ།། སེམས་ཀྱི་རང་བཞིན་ཇི་ལྟ་བུ།།
iiif viewer powered by OpenSeadragon
273a - 274a