e-texts navigator
Collection
Volume
Page
Wylie

260a1 ནས་པས་ལ་གཞག་ཅིང་ཟད་པ་ཆ་ཡུངས་ཀར་ལྟོས་བསྡིག་པར་བསྟིས་པ་གདས་ཅིང་སྔགས་འད་བཛ་དུ།། ཨོཾ་པར་མ་གཟེ་བ་ཤནྡྷེ་བི་ཤ་ནེ། དྲ་པི་ཤ་ན་ཀ་རཱ། ཤཱ་དྷཱ་ཤ་ཪྵ། མར་ཀན། ཨུ་པྲ་ན
260a2 ཙ་ར་ཤ་ཡ། ཛ་ལ་བི་ཤ་ཡ། ཆེ་གེ་མོ་མཱ་ར་ཡ་ཕཊ། དེ་ནས་ཤྭ་ནའི་སྦྱིན་སྲེག་གི་སྔགས་འདི་གསུངས་ཏེ། ཨོཾ་རུ་པ་རུ་པ་ཤ་ནི་ནི་ཤ་པི་ཤ་ནི། ཀ་ཏ་ར་ཤཱ་ན་བི་ཤ་ཏ་ཡ་དཾ་ར་ཛྭ་ལ་པ་ཡ། བི་ཤ་ཡ་བི་ཤ་ཡ། ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་ཤན
260a3 དཀར་ནག་གི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཁྲག་འཐུང་རྒྱལ་པོ་དེས།། ལས་སྒོར་དག་ནི་འདི་གསུངས་སོ།། དགྲ་བགེགས་དག་ནི་ལིངྒའི་རྒྱུ།། ཤིང་ཤུན་ཀློག་གྲོག་མཁར་ས།། དགྲ་བོའི་གཟུགས་བྱས
260a4 མིང་རུས་གཞུག། དེ་ལ་བཀུག་ཅིང་བསྟིམ་པར་བྱ།། ཤུགས་པའི་མཚན་མ་བྱུང་བ་དང་།། ཤྭ་ནའི་ཕུར་པས་གདབ་ཅིང་ཐུན་གྱིས་བརྡེག། ཧོ་མ་གཟུགས་ཤྭ་ནའི་ངག་སྔགས་བཟླས།། ཁྲག་སྐམ་དུག་གི་གཏོར་མས་བརྡེག། སྨོན
260a5 ལ་མ་བཏབ་ཅིང་ཟད་སྔགས་བཟླས།། ཉི་མ་བསྲེག་ཐལ་བ་གནན་པ་བྱ།། དཔལ་ཆེན་ཉིད་ཀྱིས་བཀའ་བསྒོ་བས།། བསྒྲལ་བའི་ཞིང་བཅུར་གཏོགས་པ་བསྒྲལ།། དེ་མ་ཐག་ཏུ་འགྲུབ་པར་འགྱུར།། ཤཱ་ན་དཀར་ནག་གི་རྒྱུད་ལས།
260a6 ལས་ཀྱི་བྱ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ། ཀརྨ་ཙཀྲ། གུ་ཧྱ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ།། གབ་པ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། ཞེ
260a7 སྡང་གི་རྒྱལ་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཟག་པ་མེད་པར་མཉམ་པར་བཞག་པའི་ཚེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བསྐུལ་ཏེ། བདེ་ཆེན་ཞི་བ




iiif viewer powered by OpenSeadragon

259b - 260b

Texts on this page

Gdg021.25 - shwa na dkar nag gi rgyud
Gdg021.26 - rdo rje phur pa phrin las 'khor lo/ gab pa gsang ba'i rgyud kyi rgyal po