e-texts navigator
Collection
Volume
Page
Wylie

257b1 ཉིད་མ་ཡི་རྒྱུད།། ལག་ཏུ་སྒྲུབ་པ་ཐབས་ཀྱིས་བླངས།། བསད་ཐབས་གསང་བའི་མན་ངག་ནི།། མནན་བསྲེག་འཕང་གསུམ་ལས་སྦྱར་ཏེ།། ཐུན་ཕྲ་པ་ཕུར་བུས་གདབ་པར་བྱའོ།། དེ་ནས་པ་ལ་ནད་ཀྱིས་བསད་པ།། ཡིད་རྗེས་ཚ་བ་ཡང་གཏར
257b2 ཆུད།། ལག་ཏུ་བླངས་པ་སྒྲུབ་ཐབས་སོ།། བསད་པའི་མན་ངག་བསྟན་པ་ནི།། མནན་བསྲེག་འཕང་གསུམ་ལས་བརྟུལ་ཏེ། གང་དུ་ཐུན་ཐབ་ཕུར་བུ་གང་བ།། རྒྱུ་གཟེར་དག་གིས་བསད་པ་ནི།། མ་བདུན་སྲིད་བཞིའི་ལས་ཡིན་ཏེ།།
257b3 མན་ངག་གནད་ནི་སྣ་ཚོགས་ཀྱིས།། ཟོད་ཁའི་ལས་ཀྱུ་ཁོ་ནས་བྱའོ།། རིམ་ཀྱིས་བསདཱ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ། དེ་ནས་བསྟན་འཛིན་དབུ་སྤྱོད་དགྲ་བགེགས་ལ།། དྲེགས་པ་ཕོ་དྲུག་མོ་བདུན་བསྩལ།། ཞེས
257b4 བཀའ་སྩལ་ཏོ།། དེ་ནས་ཀརྨ་ཧེ་རུ་ཀ་ལ་སོགས་པའི་རྡོ་རྗེ་སྲིན་པོའི་ལྷ་ཚོགས་དང་། འཇིག་རྟེན་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བསྟོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །། རྡོ་རྗེ་ཕུར།
257b5 བུ་མདུང་རྩེ་དམར་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། ། བསེ་སྒོ་མ་དམར་པོའི་རྒྱད།། རྒྱ་གར་སྐད་དུ། ཤི་རག་ཤས་མུ་གུ་ཏནྟྲ། བོད་སྐད་དུ། དཔལ་ཁྲག་འཐུང་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་པཱུ་ལ་ཕྱག་འཚལ་ལོ།།
257b6 འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་སྔགས་ཀྱི་མངའ་བདག། རིགས་སྔགས་ཀྱི་རྒྱལ་པོ། དཔལ་ཁྲག་འཐུང་འབར་བ་ཆེན་པོ་རི་མ་ལ་ཡའི་རྩེ་མོ་ལ་བཞུགས་ཏེ། དེ་ནས་འདྲེ་སྲིན་གྱི་འཁོར་རྣམས
257b7 ཀྱིས། གནོད་སྦྱིན་དང་། གཞའ་དང་། བདུད་དང་། ཀླུ་དང་། བ་སེ་ཡི་སྐྱེས་བུ་བཞི་དང་། བསོ་མོ་ཉིས་བརྒྱ་ལྔ་བཅུ་དང་། མི་མ་ཡིན་གྱི་འཁོར་གྱིས་བསྐོར་བའི་ཚེན། མངོན་ཤེས་དྲུག་འཁྲུལ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད




iiif viewer powered by OpenSeadragon

257a - 258a

Texts on this page

Gdg021.23 - rdo rje phur pa mdung rtse dmar po'i rgyud
Gdg021.24 - bse sgrom dmar po'i rgyud