e-texts navigator
Collection
Volume
Page
Wylie

256a1 ནབ་སེ་མངའ་དམར་པོ་བསྣམ།། གཡོན་ན་བསེ་གཞུ་དམར་པོ་བསྣམས།། ཆི་བས་སུ་དྷད་མིར་ཞུར་པོ་ཆིབས།། སྐུ་ལ་དར་དཀར་བེར་ཆེན་གསོལ།། དམ་ཚིག་ཉམས་པའི་སྟེང་ནས་འདྲེན།། བསྟན་པ་བསྲུང་བར་ཞལ
256a2 གྱིས་བཞེས།། འགགས་གྲི་གཏང་བའི་ངས་ལ་བབ།། བཅོལ་བའི་ལས་རྣམས་འགྲུབ་པར་མཛོད།། ནཱ~ཾ་ཨཾ་ཀུ་ཛ་ཛཿ།། རྦབ་གྲི་ག་ཡང་གྲིར་གསང་པ་ནི།། མདའ་ཀློང་བཙུགསུམ་བསད་པ་ནི།། བཤོས་བུ་ཁྲོ་བོ་བཅུ་གསུམ་ལ།། མདང་བཀྲི་བརླ
256a3 གཟུག་པར་བྱའོ།། ཤོག་བུ་ཚོན་གང་བཅུ་གསུམ་ལ།། ལྷོ་གཅིག་རུས་ལ་ལྷོ་གཅིག་མིང་།། གཉིས་བྲིས་མདའ་ལ་གདགས་པར་བྱ།། ཟན་གྱི་གོང་བུ་བཅུ་གསུམ་ལ།། ནང་དུར་ཁྲག་བཀང་ལ་བཞག། དེ་ནི་གྲེ་ས་བསྐུལ་བ་ནི།། ཧཱུཾ་རྒྱང་བ
256a4 སེ་མཐུ་བོ་ཆེ།། ཆིབས་སུ་དཀར་པོ་གཟི་མིག་ཆིབས།། སྲུལ་ཟ་འོག་སེར་བཀྲ་གསོལ།། ཕྱག་ན་ཤེལ་གྱི་རྡོ་རྗེ་རྩེ་དགུ་བསྣམས།། བཞུགས་ནི་བྱང་ཤར་མཚམས་ན་བཞུགས།། ཁྲུམ་ཐོགས་བཅུ་གསུམ་བཅས་པ་ཡིས།། དམ་ཉམས་དགྲ
256a5 པོ་དབང་དུ་ལྡུད།། ཟབ་གྲི་གཡང་གྲིར་བསང་པའི་དུས་ལ་བ་བ།། བཅོལ་པའི་ལས་རྣམས་འགྲུབ་པར་མཛོད།། ནརྀ་ཨངྒ་ཤ་ཛ་ཛཿ།། མེ་གྲི་ཆུ་གྲིར་གསད་པ་ནི།། ཧོ་མ་དུ་སྦྱིན་སྲེག་མེ་ཡིས་བསད།། འུག་པའི་ཚད་རྩི་ཧོམ་ཆག་གད།། བཅུག
256a6 ལ་དཀྱིལ་དུ་མེ་བྱང་གཞུག། འུར་དཀར་རུག་ཐུན་ལྕགས་ཕྱེས་སྦར།། ཁུ་ལོ་ལག་དགུ་བསྐུལ་བ་ནི།། ཧཱུཾ་སྐྱེས་བུ་ཆེན་པོ་གིང་ཀ་ར།། ཁུ་ལེ་ལག་དགུ་མཐུ་བོ་ཆེ།། ཆིབས་སུ་ནག་པ་ཀྲ་རྟིང་དཀར་ཆིབས།། སྐུ་ལ་ཟ་འོག་བེར་ཆེན་གསོལ།། རལ་གྲི
256a7 ལྱ་འཇམ་ཕྱག་ན་བསྡམས།། དམ་ཉམས་དགྲ་བོ་གཏུབ་ལ་མེ་ལ་བསྲེག། བཅོལ་པའི་ལས་རྣམས་གྲུབ་པོང་མཛོད།། ནི་ཨརྒྷ་ན་ཛཿ། གྲི་རུ་བསད་པའི་ལེའུ་སྟེ་བཅོ་ལྔ་པའོ།། ། ཝ་ལེ་ལག་དགུའི་སྲོག་སྔགས་ལ། གིང




iiif viewer powered by OpenSeadragon

255b - 256b

Texts on this page

Gdg021.23 - rdo rje phur pa mdung rtse dmar po'i rgyud