e-texts navigator
Collection
Volume
Page
Wylie

253a1 བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཞུས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་གསང་བའི་བཀའ་ལས་ནི།། ཇིག་ཆེན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན
253a2 ཐིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཅེས་གསུངས་པས། མ་བདུན་གྱིས་སོག་གི་སྙིང་པོ་ཕུལ་བ། མམ་བ་ཤཾ་ཀུ་རུ། མ་ཏཾ་ཉ་ཀ་ར་ཨི་དན། ཅེས་ཕུལ་ལོ།། སྲིང་མོ་བཞིས་སྲོག་སྟེང་། མཱ་ར་སོ་ན་པ་མཛན་ཧཱུཾ་ཕཊ།
253a3 ཅེས་ཕུལ་ལོ།། སུང་མ་ཐམས་ཅད་ཀྱིས། དྷཱ་ཏ་མ་མ་ཀརྨ་ཤྲཱི་གྷྲ~ཾ་ཀ་རཱ་ཡ་ཕུལ་ལོ།། མིང་བཏགས་པ། རྡོ་རྗེ་གར་གྱི་དབང་ཕྱུག་མ། རྡོ་རྗེ་གསལ་བ་གློག་འཛིན་མ། རྡོ་རྗེ་ཀུན་བཟུང་མཐུ་མོ་རྗེ།། རྡོ་རྗེ་ཡེ་ཤེས་ཆེན་མོ།། རྡོ་རྗེ་གས་ཆེན་ངོད་འང
253a4 མ། རྡོ་རྗེ་གསུང་སྒྲོག་ཆེན་མོ། རྡོ་རྗེ་སྒྲོལ་མ་ཟ་བྱེད་མ། ཞེས་མིང་བཏགས་སོ།། ཤར་གྱི་དཀར་མོ་རྡོ་རྗེ་སྤྱན་གཅིག་མ།། ལྷོ་ཡི་སེར་མོ་རྡོ་རྗེ་རལ་གཅིག་མ།། ནུབ་ཀྱི་དམར་མོ་རྡོ་རྗེ་དབང་སྡེ་མ།། བྱང་གི་སྔོན་མོ་རྡོ་རྗེ་ལས་མཁན་མའོ།། བརྟུལ
253a5 ཞིང་དབང་བསྐུར་མིང་བཏགས་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཅན་པོ་ནི་བཏུལ། མོ་ནི་སྦྱོར་བའི་ཡུམ་དུ་བྱས། པུ་རྣམས་ནི་འཁོར་དུ་བྱས། རྒྱན་ཆ་ལུགས་ནི་ལྡན་པར་བྱས་ཏེ། རང་ལ་རང་ངོ་མཚར
253a6 པོའི་བསྟོད་པ་ནི།། དཔའ་བོ་སྒེག་པོ་འཇིགས་སུ་རུང་བ་དང་།། དགོད་དང་གཤེ་དང་འཇིགས་པར་སྟོན་པ་དང་།། སྙིང་རྗེ་རྔ་མ་དང་ཞི་བ་ལ་སོགས་པ།། སྐྲ་ཡི་བརྙན་པོ་ཤིན་ཏུ་བསྟན་གྱུར་ཏེ།། ཞལ་གཡས་དཀར་ལ་བཞེད་པས་དགོད་དགོད་འདྲ།། ཞལ་གཡོན
253a7 དམར་ལ་ག་དྲབས་གཤི་གཤོ་དང་།། ཞལ་དབུས་མཐིང་ལག་ནག་པས་ཁོ་ཁྲོང་དྲ།། རྒྱུང་དྲུག་སྟེང་རྗེས་ཟིན་པས་ཆ་ཆེ་འདྲ།། སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ།། རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྲེག་འདྲ།། གདུག་ཆགས་ཞལ་དུ




iiif viewer powered by OpenSeadragon

252b - 253b

Texts on this page

Gdg021.23 - rdo rje phur pa mdung rtse dmar po'i rgyud