| | e-texts navigator
|
251b1 སྙིང་པོ། ཀར་ཏྲི་ཛཿཡ་ཏྲེ། ཞེས་ཕྲལ་ལོ།། གས་དག་སོ་དབབ་གཅད་ཀྱི་ལས་བྱ་བར་ཁས་བླངས་སོ།། མིང་གནམ་ཐེ་དཀར་པོ་རའི་མགོ་ཅན་དུ་མིང་བཏགས་སོ།། ཆུང་མས་ཞིང་གི་ག་ཡང་གཞི་ཕུལ་ལོ། གཱ་ན་མྲ་ཁར་མིང་བཏགས་སོ།། བུ་ཚོལ
251b2 ཐ་བྲང་སྟོང་ཚོར་མིང་བཏགས་སོ།། མི་ནག་པོ་ལག་དགུ་འཁོར་བཅས་ཀྱིས་གྲིར་གསོད་པའི་ལས་བྱེད་པ་ལ། བཅོམ་ལྡན་འདས་ཀྱིས་མ་བྱེད་གསུངས་པས། ཁོ་མ་ཐུལ། སྐུ་ཚམ་རྣམས་རི་རབ་ཙམ་ཞལ་བར་སྤང་དུ་གདངས་ནས་གསོལ་བས་གདོད་བྱེད
251b3 ནས། འདར་ཞིང་མིག་རིག་རིག་བྱས་ནས། སྐུ་མདོག་ནག་པོ་འདི་ཡང་འབུལ། ཞལ་དབུས་མཐིང་ནག་སྟོན་པར་མཛོད། བདག་གི་ཆུང་མ་འདི་སྦྱོར་བའི་ཡུམ་དྲཱ་བ་ཞེས་སུ་གསོལ། བུ་ཚ་ཡང་འཁོར་དུ་འབུལ་ལོ་ཞེས་ཕུལ་པས། བཅོམ་ལྡན
251b4 འདས་ཀྱིས་བཀའ་སྩལ་པ། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས།། ཁོས་སྲོག་གི་སྙིང་པོ་ཏེ་བཻ་བྷྱོ་ཞེས་ཕུལ་ལོ།། གསད་གསོ་བབ་གཅད་ཀྱི་ལས་བྱེད་པར་དབང་བསྐུར
251b5 མིང་ནི་བདུད་རྣམས་རོལ་ཞེས་བྱ་བ་བཏགས་སོ།། ཆུང་མའི་ལག་ཏུ་རྡོ་རྗེ་གྱི་ན་དབང་བསྐུར།། མིང་བཏགས་པ་རྡོ་རྗེ་ཡ་བྱིན་ཞེས་བྱའོ།། ཡང་མི་སེར་པོ་མིག་དམར་པོ་ཆུང་མ་དང་བཅས་པས།། ཐམས་ཅད་གསོད་ཀྱི་འདུག་པ་འཅོམ་ལྡན་འདས་ཀྱིས་འདི་མགྱེད
251b6 བྱས་པས་ཉན་དུ་མ་འདོད་ནས། སྐུའི་ཚམ་རྔམས་རི་རབ་ཙམ་དུ་བྱས། ཞལ་བར་སྣང་ཙམ་དུ་གདངས་ནས་གསོལ་བས། གདོད་བྲེད་ནས་འདར་ཞིང་མིག་རིག་རིག་ཏུ་བྱས། གོས་སྟག་ལྤགས་རློན་པ་འདི་ཡང་སྐྲའི་ཤམ་ཐབས་སྲ་བཞེས། ཆུང་མ་འདི་ཡང་ལྷོར
251b7 བའི་ཡུམ་དུ་བཞིས། བུ་གཉིས་བུ་མོ་གསུམ་སྟེ་ལྔ་ཡང་འཁོར་དུ་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་དུརལ་པ། དངོས་གྲུབ་བར་ཆད་བྱེད་པའི་དབྱེ།། གདུག་ཉིང་སྡང་སེམས་ལྡན་པ་རྣམས།། མངོན་སྤྱོད་ཚུལ་དུ་སྒྲོལ་བར་གྱིས།། ཧཱུཾ་ཀཱ་ར་ཨ
iiif viewer powered by OpenSeadragon
251a - 252a