| | e-texts navigator
|
251a1 རབ་ཙམ་དུ་བཞེངས། ཞལ་བར་སྣང་ཙམ་དུ་གདངས་ཏེ་གསོལ་ནས། འཕོངས་སུ་བཏོན་པས། གདོད་བྲེད་ནས་ལུས་འདར་ཡང་ཡོད། མིག་སྔོ་ཐིག་ཐིག་བྱུང་ནས། བདེ་བར་གཤེགས་པ་ཁྱེད་རང་ལ་སྣརུབས་སུ་མཆིའོ།།
251a2 བདག་མ་བཀུམ་ཐུགས་རྗེས་གཟུང་དུ་གསོལ།། བདག་གི་བུ་སྐད་འཁོར་དུ་བཞེས་སུ་གསོལ།། བདག་གི་སྒྲ་མདོག་དཀར་པོ་འདི་བཞེས་ལ་ཞལ་གཡས་དཀར་བ་སྟོན་པར་མཛོད་ཅིག། དེར་བྷ་ག་ཝཱན་གྱིས་བཀད་སྩལ་པ།། དངོས་གྲུབ་བར་ཆད་བྱེད་པའི་དགྲ།
251a3 གདུག་ཅིང་ཕུང་སེམས་ལྡན་པ་རྣམས།། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས།། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཅེས་གསུངས་པས། ཁོས་སྲོག་གི་སྙིང་པོ། ས་རི་ས་ཉ་རི་ས་ཛཿ། ཞེས་ཕུལ་ལོ།། བུ་དགྲ་དང་འཚོ་བརྒྱད་ཆུང་མ་ནག་མ་ཚ་ཕུལ་ན
251a4 དབང་དང་བྱིན་རླབས་ཞུས་སོ།། གསང་གསོལ་དབབ་གཅད་ཀྱི་ལས་བྱ་བར་ཁས་བླངས། མིང་བཏགས་པ། རྒྱལ་པོ་བློ་གྲོས་སྤྱན་གཅིག་པ་དང་། ཆུང་མ་ལ་བདག་ཉིད་ཆེན་མོར་མིང་བཏགས་སོ།། དེས་ཐོད་པའི་ཕྲེང་བ་ཡང་ཕུལ་ལོ།། བུ་དགྲ་ལ
251a5 འགོང་པོ་སྤུན་དགུར་མིང་བཏགས་སོ།། བུ་བཅོ་བརྒྱད་ལ་ཡུལ་བློན་བཅོ་བརྒྱད་དུ་བཏགས་སོ།། མི་རིང་སྐྱ་བོ་རའི་མགོ་ཅན་དང་། ཆུང་མ་ཁྱིའི་མགོ་ཅན་གཉིས་ཀྱིས། བུ་སྟོད་ཚོ་དེང་ནས་སེམས་ཅན་ཐམས་ཅད་ལ་གནོད་པར་མེད་པ་ལ། བཅོམ
251a6 འདས་ཀྱིས་གཟིགས་ནས་འདི་མ་བྱེད་བྱས་པས་མ་ཐུལ། སྐྱའི་ཚ་མ་རྔམྦུ་བསྟན། ཡང་ཞལ་དུ་རྔུབ་པས། འདར་ཞིང་མིག་རིག་རིག་ཏུ་གྱུར་ཏེ། ཞུས་པ་བདག་གི་བུ་སྨད་འཁོར་དུ་བཞེས། བདག་གི་གོས་གླང་ཆེན་གྱི་ཀོ་རློན་འདི་པ་ཞེས་ལ་རྒྱན་དུ
251a7 མཛོད། ཅེས་ཕུལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དངོས་གྲུབ་བར་ཆད་བྱེད་པའི་དགྲ།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། རིངས་པར་ཁུག་ལ་སྨར་ཚུག་ཅིག། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཞེས་གསུངས་པས། ལོས་སྲོག་གིས
iiif viewer powered by OpenSeadragon
250b - 251b