| | e-texts navigator
|
249b1 རྨོངས་ལ་བསྟན་པའོ།། ཡང་དག་དྲན་ན་སྤྱོང་པ་སྟེ།། མཚན་མའི་བུག་ཆགས་སྤངས་པའོ།། སེམས་ལས་མས་ཀྱིས་བལྟས་བསྟན།། མཐུངས་མེད་པ་མཐོང་བ་མཆོག།། དོན་བས་དོན་དོག་ཡནན།། ཟད་པར་གཤེགས་པས་མ་གཟིགས
249b2 དེ་ནི་སླ་བར་སློབ་སྟེ།། དགའ་བ་ཤིན་ཏུ་མཐོང་བར་དཀའ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྦས་པ་ཟབ་མོ་ལས། ཤིན་ཏུ་རྣལ་འབྱོར་བསྟོན་པའི་ལེའུ་སྟེ་དགུ་པའོ།། ། སྦས་པ་ཟབ་མོ་མདུང་རྩེའི་ཆུང་རྫོགས་སོ།།
249b3 གྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་། བོད་ཀྱི་བ་ན་དེ་བེ་རོ་ཙཱ་ནས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་ཤཀྟི་ཨ་གྲ་རཱ་ག་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་མདུང་རྩེ་དམར་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ
249b4 གཞོན་ནུ་ལ་ཕྱག་འཚལ་ལོ།། འདི་སྐད་པ་དག་གིས་ཐོས་པ་དུས་གི་ཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང་ན། རྡོ་རྗེ་སྲིན་པོའི་ལྷ་ཚོགས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ཉིད་ལས་མི་གཞན་པའི
249b5 འཁོར་ཀརྨ་ཧེ་རུ་ཀས་འདི་སྐད་ཞུས་སོ།། ཀྱེ་བཅོམ་ལྡན་འདས་ཉོན་མོངས་པ་སེམས་ཅན་རྒྱུ་ཅི་ལགས། རྐྱེན་ཅི་ལ་སྤྱོད། ལས་གང་སྤྲིན་བཀའ་ཕུལ་དུ་གསོལ།། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོ་འཇིག་རྟེན་སྲིད་པའི
249b6 གྱད།། ཆགས་པ་གནས་པ་ཞིག་པ་ལས།། བར་དུ་ལྗོངས་པར་གྱུར་པའི་ཚེ།། དེ་ཡང་སྣོད་ཆགས་བཅུད་ཆགས་མཉམ།། དེ་དུས་ལྷ་ཡི་སྤྲུལ་པ་ནི།། བག་ཙམ་རླན་འདུས་གནས་པ་ལས།། བྱ་རྒོད་དར་མ་གཅིག་ཏུ་སྲིད།། གཤེར་ལ་རློན་ཙམ
249b7 གྱུར་པ་ལས།། སྟག་ཆེན་དང་མ་གཅིག་ཏུ་སྲིད།། དེ་ནི་སྲིད་པའི་སྤྲུལ་པའོ།། བྱ་ཡི་ཚོང་འཆིའ་བའི་གནས། ཤར་ཐོགས་ཤེལ་གྱི་བྲག་པ་དཀར་པོ་རི་མཐོ་ས་གཙང་བར།། བྱ་དང་སྟག་གི་ལུས་གཉིས་ནི།། མ་འཕྲད་ཡིད་ཀྱིས་ཆགས་པས་བཤོས།
iiif viewer powered by OpenSeadragon
249a - 250a