e-texts navigator
Collection
Volume
Page
Wylie

248b1 སྟག་གི་ཤམ་བུར་སྦྲུལ་གྱི་ཆུན།། འདི་དག་འཇིགས་པའི་དཔའ་བོའི་ཆས།། རྣམ་རྒྱལ་ལ་སོགས་གོ་རིམ་བཞིན།། ཤར་སྟོང་ནུབ་སྨད་གཉིས་སུ་ནི།། སྟེང་འོག་ཁྲོ་བོ་སྔ་མ་བཞིན།། རྩིབས་མཚན་ལ་ནཱི་ཐ་མེན་མ།། ཐ་ན་ལ་སོགས་རེ་མ་ཏི།། ཡ་བྷིན་ལྕགས་ཀྱུ་ཤར
248b2 དུ་དགོད།། ཤཱ་ན་མུ་ཁ་རེ་མ་ཏི།། དེ་བྱིན་ཞགས་པ་ལྷོ་རུ་དགོད།། སྲྀག་མུ་ཁ་རེམ་དུ།། བསེ་ཕྱིན་ལྕགས་གློག་ནུབ་ཏུ་སྟེ།། པྲྀ་ཀ་མུ་ཁ་རེ་མཛཿ།། ཕག་བྱིན་དྲིལ་བུ་ནུབ་ཉིད་དུ།། དེ་ལྟར་སྲུང་མ་བཅུ་གཉིས་དང་།། རྒོ་མ་བཞི་ནི་སྦལ་མར་དགོད།། དེ་ནས་སྲས་མཆོག་ཀཱི་ལ་ཡ
248b3 ལག་ཏུ་བླང་སྟེ་གདབ་པར་བྱ།། དེ་ཡང་ཨ་ཀོ་ཊ་ཡིས་སོ།། དེ་ནས་གདབ་པ་ཟིན་པ་དང་།། དགྲ་བགེགས་གང་ཡིན་ཕྱོགས་ངན་དུ།། ལིངྒ་དེ་ནི་བསྲེག་པར་བྱ།། དེ་ནས་ཤིན་ཏུ་རྣལ་འབྱོར་བསམ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྦས་པ་ཟབ་མོ།།
248b4 ལས། ལུས་ངན་བསྒྲལ་བའི་ལེའུ་སྟེ་བདུན་པའོ།། ། དེ་ནས་འཁོར་གྱིས་ཡང་གསོལ་པ།། ཀཱི་ལ་ཡ་ཡི་དབང་དམ་པ།། དེ་རིང་ཁྱོད་ཀྱིས་རྒྱས་པར་མཛོད།། ཅེས་གསོལ་པས། བཛྲ་ཀཱི་ལ་ཡ་བདག་པོ་དེ། དབྱིངས་རྣམ་པར་དག་པའི
248b5 ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཀའ་སྩལ་པ། ཉོན་ཅིག་རིགས་ཀྱི་ཧེ་རུ་ཀ། སེམས་ཅན་བསམ་པའི་དབང་གིས་ན།། དཔང་མཆོག་ཅེས་ནི་རབ་གྲགས་པ།། ཕྱི་དང་ནང་དང་གསང་བ་དང་།། དེ་ལ་དབྱེ་བ་གསུམ་གསུམ་དང་།། ཡང་ན་ཉི་ཤུ་རྩ་གཅིག
248b6 དབང་ཀ། བཞི་བཅུ་ཕུར་པ་རེ་རེ་ལ།། དབང་ནི་བསྐུར་དུ་ཡོད་པ་དེ།། དེ་ལ་དབང་མཆོག་བཞི་རུ་བཤད།། བུམ་པའི་དབང་དང་གསང་བའི་དབང་།། ཤེས་རབ་ཡེ་ཤེས་བདེ་ཆེན་དང་།། ཤིན་ཏུ་རྣལ་འབྱོར་བཞི་པའོ།། དེ་ལྟར་མཁས་པས་གང་རྟོགས་པ།།
248b7 བྱང་ཆུབ་སེམས་ཀྱི་ཕུར་པའོ།། འཁོར་གྱིས་གསོལ་པ།། དེ་དོན་རྒྱས་པར་བཀའ་སྩཔ་འཚལ།། ཀཱི་ལ་ཡ་ཡིས་བཀའ་སྩལ་པ།། རང་བཞིན་སྣང་བའི་མི་དག་ལེ།། བསླབ་ན་ཆགས་པའི་སྲུང་མ་ནི།། བཅུ་གཉིས་དག་ཏུ་ཤེས་པ་ལ།། ཤྭན




iiif viewer powered by OpenSeadragon

248a - 249a

Texts on this page

Gdg021.22 - sbad pa gsang ba zab mo bdud rtsi'i rgyud