e-texts navigator
Collection
Volume
Page
Wylie

248a1 རིམ་པ་ནི།། དོང་གཞོན་ནུ་ཟབ་བན།། བསྒྲུབ་ཕུར་དངོས་གྲུབ་སྤྱོད་པའོ།། གྲཝ་མེན་སྲུང་མའི་ཕུར་པ་ནི།། སངས་རྒྱས་རྣམས་ཀྱི་པོ་ཉ་ལིནྟ།། དེས་ཀྱང་གདབ་པར་བྱ་བ་མིན།། པྲཱ་གསུང་ཐུགས་ལས་བྱུང་བ་ཡི།། སྲས
248a2 མཆོག་ཀཱི་ལ་ཡ་གསུམ་ནི།། གདབ་པའི་ཕུར་པ་དམ་པ་སྟེ།། གྲུ་གུལ་ཚིལ་ཆེན་དག་དང་ནི།། གེ་རོ་ཙ་ནའི་དུད་པས་བདུག། དབྱིངས་དང་ལྷུ་མས་སུ་གཟི་བྱིན་བསྐྱེད།། ནག་པོ་དུག་གཏོར་བྱས་ལ་ནི།། སྐྱེས་ཀྱང་དང་པོ་ལས་ན་དབང་།། འཇིག་ཀྱང
248a3 ལས་ཀྱིས་འཇིག། ཨོཾ་ལས་བསྐྱེད་པ་ཧཱུ~ཾ་ཉིད་ནི།། བསྐྱེད་པ་རྐྱེན་གྱི་སྔགས་ཉིད་དོ།། ད་ནི་བཟླས་པ་རྒྱུན་གྱི་སྔགས།། རབ་ཏུ་ལྡན་པའི་དཀྱིལ་འཁོར་དེ།། ལེགས་པར་གོམས་ཤིང་འདྲིས་པ་དང་།། ཤིན་ཏུ་བརྗོད་ལ་རབ་ཏུ་བཟླས།། འདི་ནི་སྨྲས་པ
248a4 ཟབ་མོ་ཡི།། ངེས་པའི་དྲག་སྔགས་བསྟན་པར་བྱ།། ཧུང་དཀར་ཉིད་ལ་བསྔགས་བྱས་ལ།། སྙིང་ག་ལྟེ་བ་གསང་བ་རུ།། ཉི་མ་དྲོས་དང་དམར་ཐག་ཆད།། ཤིན་ཏུ་དག་པར་བཟླས་པ་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་ཆེ་གེ་མོ་ཕཊ་ཕཊ།། སྙིང
248a5 ལ་སརྦ་བིགྷྣཱན་པཾ་དྷཱི་མཱ་ར་ཡ་ཆེ་གེ་མོ་ཕཊ་ཕཊ།། ལྟེ་བ་ལ་དྷིཔྟ་ཙཀྲ་ཏིཥྛ་མཱ་ར་ཡ་ཆེ་གེ་མོ་ཕཊ་ཕཊ། གསང་བ་ལ། འདི་ནི་སྔགས་མཆོག་རྒྱལ་པོ་སྟེ།། ཁྲོ་བོ་ཕྲ་མེན་ཀུན་གྱི་སྔགས།། ཞེ་སྡང་རྡོ་རྗེ་བསམ་བྱས་ལ།། མེ་དཔུང་འབར་བའི་རང་རྟགས
248a6 ཅན།། མེ་དཔུང་ཨེ་ལ་སུམ་ཆ་ནུབ།། འཇིགས་སུ་རུང་བའི་སྲས་གསུམ་གྱི།། སྔགས་ནི་ཀཱི་ལི་ཀཱི་ལ་ཡ།། ཨ་ཀོ་ཊ་ནི་བཟླ་བར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྦས་པ་ཟབ་མོ་ལས། སྲས་ཀཱི་ལ་ཡ་བཏོན་པའི་ལེའུ་སྟེ་ཟུག
248a7 པའོ།། ། དེ་ནས་ཀཱི་ལ་ཡའི་བདག་པོ་དེ་རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཀའ་སྩལ་པ། སྔགས་པ་རྒྱན་གྱི་ཆོས་ཀྱི་རྟགས།། གླང་ཆེན་ཀོ་རློན་ཞིང་གི་ཤུན།། ཟིལ་ཆེན་ཞག་དང་རཀྟས་བརྒྱན།




iiif viewer powered by OpenSeadragon

247b - 248b

Texts on this page

Gdg021.22 - sbad pa gsang ba zab mo bdud rtsi'i rgyud