e-texts navigator
Collection
Volume
Page
Wylie

247b1 གཡས་གཡོན་རིང་པོ་དལ་བ་རྣམས།། ཏིང་འཛིན་ད་ལ་བསྒྲིབ་མི་བསྲིབ།། སེམས་ཀྱིས་སེམས་ལ་བརྟག་པ་ན།། ཕུར་པ་བྱང་ཆུབ་སེམས་སུ་མཐོང་།། དེ་ཡང་རླུང་གི་ཆ་བས་ཏེ།། གདབ་པར་བྱ་བ་ཡོད་མ་ཡིན།། རླུང་ཞེས་པས་ན་ལས་དུ་དབྱེད།།
247b2 ཤེས་དེ་ཡི་བཞོན་པའི་རྟ།། ཁ་བཙུམ་ལྕེ་ཡི་དབུས་སུ་ནི།། རླུང་གི་འཁོར་ལོ་ཚོན་གང་བ།། ཚོམ་བུའམ་དུང་རྒྱའི་ཚུལ་དུ་བསམ།། དེ་ནས་ཆ་སྙོམས་སྲང་མངའ་འདྲ།། སེམས་ཀྱི་སྐད་ཅིག་རིམ་པ་བརྒྱད།། དེ་གོལ་རིམ་པ་ལམ་གྱི་མཆོད།
247b3 པར་ཐར་པའི་ལམ་ཡང་སྟོན།། མི་འཇིགས་པ་ཡང་དེ་ཁོ་ན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྦས་པ་ཟབ་མོ་ལས། རླུང་སྐྱོ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་འཁོར་གྱིས་གསོལ་པ།། ཀཱི་ལ་ཡ་ཡི་བདག་པོ
247b4 རཱུ་ཏྲ་དང་འདྲ་བ་སྒྲལ་དམིགས་ལ།། མིང་དང་གཟུགས་ལ་བརྟེན་ལགས་སམ།། ཆོས་ཉིད་ཙམ་དུ་བས་མ་ལགས་སམ།། རང་གའི་དངོས་པོ་བསྒྲལ་ལགས་སམ།། འོན་ཏེ་ཐམས་ཅད་རང་བཞིན་བཞག། ཀཱི་ལ་ཡ་ཡིས་བཀའ་སྩལ་པ།། ཉོན་ཅིང
247b5 འཇིགས་བྱེད་ཧེ་རུ་ཀ། རཱུ་ཏྲ་དང་འདྲ་བ་སྔལ་དམིགས་དེ།། ཀུན་ཚོགས་སྒོ་ནས་བསྒྲལ་བར་བྱ།། དང་པོ་དེ་ལྟར་བྱས་པ་དང་།། ནུབ་གསུམ་པ་ལ་འཇུག་པར་བྱ།། མིང་རུས་ལོ་དང་ཟླ་བ་དག། ཁྲག་ཆེན་གྱིས་ནི་བྲིས་ནས་ནི།། ཆུ་ཙོ་སྲུབ་པོ་རྐང་རྗེས་ས།
247b6 ཡང་ནནྡོ་ཕྱེ་དུག་ལ་བྱ།། དེ་ལྟར་ལིངྒ་བྱས་ལ་ནི།། མེ་ངོས་འབྲུབ་ཁུང་ཁ་ཁྱེར་སུམ་བརྩེག་ཅན།། ཉི་ཤུ་རྩ་བརྒྱད་སྲིན་མོ་འགྲོས།། ཡང་ན་འགྲུབ་ཁུང་ཕྱོགས་ངན་སང་།། རང་གའི་དངོས་པོ་མ་ཡིན་ཏེ།། རྣམ་ཤེས་ལི་ངྒང་ཁུག་པའོ།། དེ་ཡང་བདག
247b7 བྱའི་དྲོང་ལྡན།། ཐེ་ཚོམ་མེད་དང་ཡང་དག་གཞུང་།། དམ་ལ་གནས་དང་ལེ་ལོ་སྤང་།། འདི་རྣམས་འགྲུབ་པའི་རྒྱུ་རུ་གྲགས།། ཡང་ན་བྱ་བ་ཐམས་ཅད་སྤང་།། རྫས་ཚོགས་དགྲ་རྣམས་མེད་ད་དུ།། ཤེས་རབ་རྣམ་གསུམ་ལྡན་པར་བྱ།། དེ་ནས་ཕུར




iiif viewer powered by OpenSeadragon

247a - 248a

Texts on this page

Gdg021.22 - sbad pa gsang ba zab mo bdud rtsi'i rgyud