e-texts navigator
Collection
Volume
Page
Wylie

247a1 བྲན་སུ་ཁ་བཞི་ཉིད་གསལ།། ཛཿཛཿབྱ་བ་བཞི་ཉིད་ལས།། ས་བདག་བཞི་ནི་གསལ་བའི་དོན།། བྷྱོ་ཞེས་པ་ནི་བཞི་ལས་ཀྱང་།། བདག་ཉིད་བཞི་རུ་རབ་ཏུ་བསམ།། བྷྱོ་ཞེས་ཉི་ཤུ་རྩ་བརྒྱད་ལས།། དབང་ཕྱུག་མ་ནི་བསམ
247a2 བྱཱབྱས་ལ།། དབུས་སུ་ཟླ་གམ་སྒོ་ཅན་ལ།། བཅོམ་ལྡན་བདུད་འཕྲུལ་ལབ་ཡུམ་དགོད།། མི་འགྱུར་བརྟན་པའི་རྡོ་རྗེ་དང་།། སྐུ་གསུམ་ལྡན་པའི་ཐོད་པ་དང་།། དབུས་ཀྱི་གླུ་གསུམ་ཐོད་པས་བརྒྱན།། རྒྱས་འདེབས་མ་ཡི་སྟེང་ཉིད་དུ།། གྲུ་གསུམ་ལ
247a3 ནི་སྲས་མཆོག་གསུམ།། ཁྲོ་བོ་འཁོར་ལོ་རྩིབས་བཅུ་ལ།། མཐིང་གའི་སྟེང་དུ་དགོད་པར་བྱ།། རྩིབས་མཚན་ལ་ནི་ཕྲ་མེན་མ།། གོང་མ་བཞིན་དུ་མཐིང་ག་ལ།། བདག་གི་དཀྱིལ་འཁོར་རྒྱས་པར་བསམ།། དེ་ནས་སློབ་མ་གཟུད་པར་བྱ།། དེ་བཞིན
247a4 གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྦམ་པ་ཟབ་མོ་ལས། རང་གི་དཀྱིལ་འཁོར་གསལ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་ཀཱི་ལ་ཡའི་བདག་པོ་དེ། ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར
247a5 ཞུགས་ནས། ཀརྨ་ཧེ་རུ་ཀ་ལ་སོགས་པ་ལ་བཀའ་སྩལ་པ།། དེ་དག་རྣམས་ནི་རྒྱུ་ཡི་དོན།། ད་ནི་རབ་ཏུ་བཤད་བྱ་ལ།། རང་གི་གསལ་བའི་ཏིང་འཛིན་ནི།། སྦྱོར་པ་དང་པོ་རྗེས་སུ་སྦྱོར།། ཤིན་ཏུ་སྦྱོར་བའི་ཏིང་འཛིན་དང་།། ལས་ཀྱི་རྒྱལ་བ་མཚིག་དག
247a6 དང་།། དཀྱིལ་འཁོར་རྒྱལ་བ་མཆོག་དག་གོ།། ཏིང་འཛིན་རིམ་པ་དེ་རྣམས་དང་།། རྣལ་འབྱོར་རིམ་པའི་སྒོ་དག་དང་།། རྣལ་འབྱོར་དང་ནི་རྣལ་འབྱོར་ཆེ།། རྗེས་སུ་རྣལ་འབྱོར་ཤིན་རྣལ་འབྱོར།། དེ་རླུང་སྟོང་པའི་འཕྱོས་ནི།། ཀུན་གཞིའི་རྣམ་ཤེས
247a7 ཡིན་པ་སྟེ།། ལངས་ཀྱང་དེ་ལ་བསྟིམ་ཡང་ཁོ།། གཞན་ལ་བསྟིམ་པ་མ་ཡིན་ཏེ།། གནས་པ་དེ་ཉིད་ཁོ་ན་ལའོ།། བསྟིམ་པ་རླུང་གི་མན་ངག་གོ།། དེ་ནས་གཉིས་པའི་རླུང་དེ་ནི།། ཕྱི་ནང་ལུས་དང་ཤེས་པ་ལ།། གནས་པ་རླུང་གི་གནས་ཡིན་ཏེ།




iiif viewer powered by OpenSeadragon

246b - 247b

Texts on this page

Gdg021.22 - sbad pa gsang ba zab mo bdud rtsi'i rgyud