| | e-texts navigator
|
245b1 དེ་ལྟ་བུ་གཅིག་ཏུ་བྱུར་ནས། དེའི་ཚེ་དྲུ་ཐ་ནག་པོ་རབ་ཏུ་འདང་། ས་གཞི་ནི་རབ་ཏུ་གཡོས། ཧེ་རུ་ཀ་ཐམས་ཅད་ནི་མདངས་དང་ལྡན།། དེ་ནས་རིགས་ཀྱི་ཧེ་རུ་ཀ་རྣམས་ལ་བཀའ་སྩལ་པ།། དྲུ་ཏྲ་ཞེས་བྱ་ལྟ་བ་ལོང་།། ལས་ཀྱིས་འཇིག་རྟེན་ཁམས་འདིར
245b2 བདུད་རྣམས་བཏུལ་ན་བར་ཆད་ཉུང་།། མེད་པར་བྱས་ན་བསྟན་པ་གཉན།། མཐོ་རིས་འཕེལ་དང་དམྱལ་ཁམས་སྟོངས།། བསྒྲལ་བའི་གནས་ནི་དམ་པ་བདུན།། སྲོག་དོན་བཀའ་དམ་ལས་ཀྱིས་ཉམས།། འདོད་པས་ཉམས་དང་མཚན་མས
245b3 ཉམས།། སྲོག་ལས་ཉམས་པའི་མཚན་ཉིད་ནི།། ཕ་མ་དང་ནི་སློབ་དཔོན་གསོད།། འདི་དག་བསྒྲལ་བ་དམ་པར་བཤད།། དོན་ལ་ཉམས་པའི་མཚན་ཉིད་ནི།། ཡང་དག་མ་ཡིན་སྤྱོད་པ་མཐོ།། འདི་ཡང་བསྒྲལ་བའི་དམིགས་དམ་པ།། བཀའ
245b4 ལས་ཉམས་པ་འདི་ལྟ་བུ།། དམ་པའི་གསང་བ་འཆོལ་བར་སྤྱོད།། དམ་ཚིག་ངེས་དོན་མིང་གིས་ཀྱང་།། སྐུ་གསུང་ཐུགས་ཀྱི་དམ་ལས་འདས།། དེ་ཡང་བསྐལ་བའི་དམིགས་ཡིན་ནོ།། ལས་ཀྱི་ཉམས་པའི་མཚན་ཉིད་ནི།། འཆི་བ་ཤེས་ཀྱང་རྣལ
245b5 འབྱོར་འཚེ།། དུག་ཏུ་ཤེས་ཀྱང་ལྷོ་རུ་བཟའ།། ལས་ཀྱིས་ཉམས་ཏེ་མྱུར་བར་བསྒྲལ།། འདོད་པས་ཉམས་པ་རྐུ་འཕྲོག་སོགས།། མཚན་མས་ཉམས་པ་མཚན་མེད་སྤོང་།། འདི་བདུན་ཤིན་ཏུ་བརྩོན་བྱས་ལ།། དྲག་པོའི་ལས་འདི་བརྩམ་པར་བྱ།།
245b6 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། སྦས་པ་ཟབ་མོ་ལས། གྲོང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་དཔལ་ཀཱི་ལ་ཡའི་བདག་པོ་དེ། དབང་བསྒྱུར་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཀརྨ་ཧེ་རུ
245b7 ཀ་ལ་སོགས་པ་རྣམས་ལ་བཀངའ་སྩལ་པ།། ཕུར་བ་བསྒྲུབ་པའི་གནས་དེ་ནི།། མ་མོའི་གནས་སམ་ཤིང་གཅིག་དྲུང་།། འབྱུང་པོ་མང་པོ་གརི་ཡོད་པར།། བྱས་ན་ལས་ལ་པོན་འདོགས་ཡོད།། བཀྲ་མི་ཤིས་པར་བྱས་གྱུར་ན།། གྲིབ་འབྱིན་ཤུག
iiif viewer powered by OpenSeadragon
245a - 246a