e-texts navigator
Collection
Volume
Page
Wylie

243b1 ངས་ནམས་ད་ས།། རྒྱམ་པ་ཅན་མ་གྱུས་སྨྲས་མ་ནུལ།། ཉིད་བ་ཡང་དག་ང།། རྒྱུན་རྣས་ལ་སྣས་ན་ད་བསྟན།། ས་གྱུ། ཛན་བྲགས་ང་ད་དུང། ན་ག་ང
243b2 པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཡང་རིག་པའི་ཡེ་ཤེས་ཀྱིས།། ཆོས་ཀྱི་དབྱིངས་ལ་བསྐུལ་བར་འབྱུང་འདི་སྐད་དོ།། ཐོག་མར་ཤེས་རབ་གསུམ་ལ་བློ་མྱངས་པས།། སྤྱི་དང་རང་གི་མཚན་ཉིད་དབབ་པ་དང་།། བལྟ་བའི
243b3 འདོགས་བཅང་ཅིང་ལ་བཟླས་ཏེ།། ཏིང་འཛིན་ཉམས་ཀྱི་དྲོད་ཚད་ཤུགས་ལས་འབྱུང་།། བྱང་ཆུབ་སེམས་ཀྱི་དོན་ལ་འདྲིས་པར་བྱ།། མཉམ་པ་ཉིད་ཀྱི་དོན་ལ་བློ་བཞག་སྟེ།། གཟུང་འཛིན་བག་ཆགས་མཚན་མ་དགྲ་པར་བྱ།། དངོས་པོ་ཐམས་ཅད་པ
243b4 རྟོག་ཟིལ་གྱིས་མནན།། ཉོན་མོངས་ཀུན་ཀྱང་དབང་དུ་བྱ་ཞིང་བླུང་།། བསྒོམ་དུ་མེད་པའི་དོན་ཉིད་རྟོགས་པར་བྱ།། ཡང་ན་སངས་རྒྱས་དགོངས་པ་རྣལ་དུ་དབབ།། མཉམ་ཉིད་དང་ལ་དུས་གསུམ་རྒྱན་དུ་གནས།། ཕྱི་རོལ་ཡུལ་གྱི་ཞེན་པ་བཅད་བྱས་པ།
243b5 དོན་དམ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བསྒོམ།། ཆོས་ཉིད་རིག་པའི་ཡེ་ཤེས་དག་ལ་ནི།། ཤེས་པ་སངས་སྟོང་ཇི་བཞིན་ཇེ་གསལ་བསྒོམ།། རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ལས།། སྐྱེ་བའི་ཚེ་འཕྲུལ་སྣ་ཚོགས་ཅིར་ཡང་ཤད།། ཅིར་ཡང་མ་ཡིན་གྱི
243b6 སྣང་ཆོས་ཀྱི་སྐུ།། སྟོང་ཉིད་སྣང་བ་སྣང་བ་སྟོང་པ་ཉིད།། སོ་སོ་མ་ཡིན་ཐ་དད་མེད་པར་བསླབ།། ཉམས་བླང་ཚེན་ལུས་ངག་བཅོས་སུ་མེད།། སེམས་ཉིད་ནམ་མཁའ་འདྲ་སྟེ་རྣམ་ཆོག་བྲལ།། རྟོགས་པའི་གདོང་ལྡན་ཆོས་ཉིད་གཏན་ལ་དབབ།།
243b7 གདོང་ནས་མ་སྐྱེས་ཆོས་ཀྱི་དབྱིངས་སུ་དག། རིག་པ་བྱང་ཆུབ་སེམས་ཉིད་རྟོགས་ནས་ཀྱང་།། རང་བཞིན་མ་སྐྱེས་ཡོངས་སུ་གྲུབ་པའི་སྐུ།། སྣང་ལ་རང་བཞིན་མེད་པ་འཇའ་ཚོན་འདྲ།། ཆུ་ཟླ་ལྟ་བུའི་སངས་རྒྱས་འོད་དང་ལྡན།། ཐུགས་ཀར




iiif viewer powered by OpenSeadragon

243a - 244a

Texts on this page

Gdg021.21 - rdo rje phur pa'i chos thams cad kyi gsang ba'i don dbyings dang ye shes gnyis su med pa'i rgyud kyi rgyal po