| | e-texts navigator
|
243a1 ཤས་འག་མིན་གནས་སུ་གྱུར།། ད་ཚོ་ཁམས་གསུམ་འཁོར་བའི་གནས་ལས་བསྐུལ།། དེ་ལྟར་དོན་ཤེས་རིག་ཅིང་རྟོགས་པའི་ཚེ།། སུ་གསུང་ཐུགས་ཀྱི་ས་ལ་ངས་པར་བྱིན།། ཕུང་བ་གསང་བ་དྲན་ཆུད་ལས། མ
243a2 ནས་རང་བཞིན་གནས་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་རིག་པ་ཡེ་ཤེས་ཀྱིས།། ཆོས་ཀྱི་དབྱིངས་ལ་བསྐུལ་བ་ལས།། ཆོས་ཉིད་དང་ལས་རང་སྤར་ཤར་བའོ།། ཨེ་མ་ཧོ།། རང་བཞིན་སྐྱེ་བ་མེད་པའི་ཆོས་ཉིད་འོ།། ཚིག་དང
243a3 ཡི་གེར་བསྟན་མེད་བརྗོད་དང་བྲལ།། སྐྱེ་མེད་ཆོས་དེ་སྣ་ཚོགས་སྟོན་པར་བྱེད།། བརྗོད་མེད་དེ་ཉིད་རྗོད་པ་ཀུན་གྱི་མཆོག། ཚིག་ཀུན་གསལ་བྱེད་ཡེ་ཤེས་ལས་བྱུང་བ།། བྱིན་གྱི་རླབས་ཀྱིས་རབ་ཏུ་རྟོགས་པར་བྱེད།། དངོས་པོའི་ཆོས་རྣམས་ངོ་བོ་ཉིད་ཀྱིས
243a4 སྟོང་།། སྟོང་པ་མ་ཡིན་སེམས་ཀྱི་སྣང་བར་ཤར།། དེ་ལ་རང་བཞིན་མེད་དེ་ཆུ་ཟླ་བཞིན།། སྣང་སྟོང་གཉིས་མེད་ལྟ་བ་རྣམ་པར་དག། རང་བཞིན་འོད་གསལ་ཉོན་མོངས་ངང་གིས་དག། སྤྲོས་པའི་མཐའ་བྲལ་རྣམ་པ་ཡོངས་ཅིང་མིན།། རེག
243a5 པ་འགག་མེད་སྣ་ཚོགས་རོལ་པ་ཆེ།། གཟུང་འཛིན་རྣམ་རྟོག་སྡུག་བསྔལ་དབྱིངས་སུ་ཤར།། དེ་ལ་མཚན་མའི་སྐྱོན་གྱིས་མགོས་པར།། སྒོ་སྐུར་བྲལ་བའི་ཡེ་ཤེས་ཆེན་པོ་སྟེ།། ལྷུན་གྱིས་གྲུབ་པའི་བདེ་ཆེན་ཆུ་རྔ་སྤྱོད་ཀྱང་།། ལོག་ཏོག་འཁྲུལ་པའི་དབང
243a6 གིས་སོ་སོར་ཤར།། མ་རིག་ལོག་རྟོག་དེ་ཉིད་གནས་སུ་དག། གཉིས་མེད་ཆོས་སྐུ་མི་རྟོག་ཡེ་ཤེས་ཡིན།། རིག་འཛིན་སྐལ་བ་ཅན་གྱིས་རྟོགས་པར་འགྱུར།། དེ་ནི་སངས་རྒྱས་ཀུན་དང་དགོངས་པ་མཉམ།། རྒྱུན་གྱི་ཁྱད་པར་གྱིས་ཀྱང་འཕགས
243a7 པ་ཡིན།། དོན་དམ་ཕུང་པའི་རང་བཞིན་བྱང་ཆུབ་སེམས།། ངོ་བོ་ཆོས་སྐུ་སྐྱེ་མེདོ་རྣམ་པར་དག། མཚན་ཉིད་གཉིས་མེད་བདེ་ཆེན་ཟུག་རྔུ་ཞི།། དེས་ཚིག་དག་པའི་མགོ་ཕུར་ཀུན་ལས་དཔའ།། དབྱེན་དོན་དམ་རྣམ་གྲངས་མ་ཡིན་དང་།། དབྱིངས
iiif viewer powered by OpenSeadragon
242b - 243b