e-texts navigator
Collection
Volume
Page
Wylie

242b1 པ་ཅན་ཐོས་ཡོངས་ལ་རང་བཞིན་གནས།། དེ་ཉིད་མ་རྟོགས་མ་རིག་འཁོར་བ་ལས།། ཐབས་མཁས་ཐུགས་རྗེ་ཆེན་པོས་བསྟན་དུ་གསོལ། ཞེས་པ་བུལ་གྱིས་སྨྲས་པས། ཟློས་ཀྱི་སྦྲུལས་རང་བྱུང་དུ་གསུངས་པ།། ཨེ་མ་ཡེ་ནས་སངས་རྒྱས་གང་ང་ན
242b2 ཀྱང་།། འོན་ཀྱང་མ་རིག་རྟོག་པའི་བློ་འཁྲུལ་པས།། གདུང་འཛིན་ལོག་རྟོག་སྡུག་བསྔལ་འཁྱམས་པ་ལས།། ཡ་དག་ཡེ་གྲོལ་ཡེ་སངས་རྒྱས་པའི་དོན།། མ་རྟོགས་བློལ་བརྗོད་མེད་དོན་ཉིད་བསྟན།། ཞེས་གསུངས་སོ།། ཕུར་པ་གསང་བ་དོན་གྱི་རྒྱད
242b3 ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་རིག་པའི་ཡེ་ཤེས་ཀྱིས།། ཆོས་ཀྱི་དབྱིངས་ལ་བསྒྲལ་བ་འདི་ལྟ་སྟེ།། ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པའི་རང་།། འཇིག་རྟེན་ཁམས་ཀུན་ཡོནས་དག་པའི་གནས།།
242b4 ངན་གཉིས་མེད་དུས་ཤེས་རྟོགས་པ་པོ།། སེམས་ཉིད་ཡིད་བཞིན་དགོས་འདོད་སྣ་ཚོགས་འབྱུང་།། རྣམ་ཤེས་སྣ་ཚོགས་ཡེ་ཤེས་རྟོགས་པའི་འཁོར།། བདག་ཉིད་སངས་རྒྱས་སྣང་ལ་རང་བཞིན་མེད།། བསོད་ནམས་ཡེ་ཤེས་ཚོགས་ཀྱང་རྫོགས་པར་པོ་པ།།
242b5 ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྣ་ཚོགས་རོལ།། ཕྱི་ནང་གསང་བ་དེ་ཉིད་སེམས་ལས་བྱུང་།། མི་རྟོག་ཡེ་ཤེས་རྣམ་རྟོག་བགེགས་རྣམས་སེལ།། ཆོས་ཀུན་རང་བཞིན་རྣམ་དག་འོད་གསལ་དང་།། ཆོས་རྣམས་ཐམས་ཅད་ཡེ་ནས་སྟོང་ཞིང་དབེན།། ང་དང་མ་ཤུགས་ཀྱིས་རང
242b6 བཞིན་ཐུགས་རྗེ་འབྱུང་།། སེམས་ཉིད་སྐྱེ་མེད་ཆོ་འཕྲུལ་ཡི་གེར་ཤར།། འབྱུང་བ་ལྔ་ནི་ཆོས་ཉིད་ཡུམ་གྱི་མཁའ།། ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་ལྡན་ཞིང་།། སྲིད་པ་གསུམ་སྟོན་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་དང་དཏླྀ་ཤུགས་ལས་གྲུབ།། གཉིས
242b7 མེད་ཚུལ་གྱིས་མག་ཤེགས་སྲིད་པར་བྱོན།། བླ་མད་དབྱིངས་ཀྱི་རང་དུ་རོ་གཅིག་ཟིམ།། ཆོས་ཉིད་དང་དེ་ཆེན་སྐྱེ་མེད་བརྗོད་དང་ཐལ།། ཐབས་ཀྱི་སྤྱོད་པས་འགྲོ་ཀུན་དབྱིངས་སུ་སྲུད།། མ་བཏགས་བཞིན་དུ་ཡ་ནས་ལྷུན་གྱིས་གྲུབ།། ཀུན་གཞིརྣམ




iiif viewer powered by OpenSeadragon

242a - 243a

Texts on this page

Gdg021.21 - rdo rje phur pa'i chos thams cad kyi gsang ba'i don dbyings dang ye shes gnyis su med pa'i rgyud kyi rgyal po