| | e-texts navigator
|
239b1 ནི་རྣམ་པར་བསྒོས་ནས་ཀྱང་།། མ་ནི་བཅུ་དྲུག་ཡོད་པ་ལ།། བརྒྱ་རྩ་བརྒྱད་དུ་སྔགས་པ་ཡིས།། འམཚན་གྱི་ཤིང་བསྲེགས་དང་།། ཅུ་གཉིས་དབུས་གནས་མང་སྙིང་ལ།། བཏབ་ན་བརྒྱད་རྣམས་མིས་ཅིང་།། འཕེལ་བ་ཆན་བཟུང་པ་འངས།། ཨོ་ཀཱ་ལ་ཡས་ཟམ་བྲྀད་ཥྚཥ8། སྤྱི་མཆོག
239b2 ལས་རྣམས་བྱའོ།། བསྒྲུབ་དང་ལས་ཀྱི་ཆོ་ག་དབྱེ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྒྱལ་རིགས་ཀྱི་ལྕགས་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པའི་ལེའུ་སྟེ་བཞི་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས
239b3 བརྟག་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བུ་མོ་དགུག་པའི་ཆོ་ག་འདི་གསུངས་སོ།། དཔའ་བོས་ཀུན་ཏུ་སྤྱད་པ་ནི།། སྔགས་ཀྱི་བདེ་བ་ཡོད་པའི་ཕྱིར།། ལྕགས་ནི་སྦོམ་པོ་བཅུ་གཉིས་དང་།། བརྒྱ་དང་ལྔ་བཅུའི་གསང་སྔགས་ནི།། ཧཱུཾ་གཉིས་དབུས་ནས་མིང་སྙིང་ནི
239b4 སྤྱི་ཡི་ཆོ་ག་མཁས་པས་བསམ།། ཨོཾ་ཀཱི་ལི་ཀཱི་ལ་ཡ་སརྦ་ཀརྨ་ལ། སྠི་ཨཱ་ཀར་ཤ་ཡ་ཧཱུཾ་ཕཊ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྡེའུ་རིགས་ཀྱི་ལྕགས་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་གཅིག
239b5 པའོ།། ། དེ་ནས་བཅོམ་ལྡན་འདས་དག་པའི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱུད་བརྟད་པའི་ཆོ་ག་འདི་གསུངས་སོ།། བྲམ་ཟེའི་ལག་ནས་འོངས་པ་ཡི།། མཁས་པས་སྦོམ་པོ་བརྒྱད་ཡིན་ཏེ།། བརྒྱ་རྩ་བརྒྱད་དུ་བརྗོད་པ་ཡིས།། ཀྱེ་ཆུང
239b6 རྣམ་པར་ནད་པར་འགྱུར།། ཧཱུཾ་གཉིས་དབུས་གནས་མིང་སྙིང་ལ།། རྡོ་རྗེ་པདྨའི་སྟེང་གནས་པའི།། ཐམས་ཅད་ཆོ་ག་མཁས་པས་གྲུབ།། ཨཱ~ཾ་ཀཱི་ལ་ཡ་སརྦ་ཀུ་མཱ་ར་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པ་ལས།
239b7 བྲིམཟེ་ལྕགས་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པའི་ལེའུ་སྟེ་ཞི་གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གར་གྱི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐྱོ་བར་བྱ་བའི་ཆོ་ག་འདི་གསུངས་སོ།། ཧཱུཾ་གཉིས་དབུས་གནས་མིང་སྙིད་ནི།
iiif viewer powered by OpenSeadragon
239a - 240a