e-texts navigator
Collection
Volume
Page
Wylie

239a1 གཉིས་དབུས་གནས་ཡང་སྦྱང་ལ།། བཏབ་པས་ལས་རྣམས་འགྲུབ་པར་འགྱུར།། ཐུན་མངག་ན་ཆོག་བརྟག། ཐམས་ཅད་བཟངས་པར་བྱས་པར་འགྱུར།། ཨོཾ་ཀྵི་ལ་ཡ་སརྦ་པྲཱ་ཤདྷྭཾ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིལ་ཤེས་ཀྱི་།
239a2 བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། རྡོ་རྗེ་བཅིང་བའི་ཞགས་པའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་སོ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས་གཡོ་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བརྟན་པའི་ཏིང་ངེ་འཛིན་འདི
239a3 སོ།། ཡང་དག་དཔའ་བོས་འབད་པ་ནི།། མཁས་པས་རྡོ་རྗེའི་ལས་སུ་བྱ།། སྤྱི་ཡི་ཆོ་ག་བྱས་ནས་ཀྱང་།། ལྕགས་སྒྲོག་རྙིང་པའི་ཕུར་པས་འབད།། སྦོམ་པོ་བཅུ་གཉིས་སྟོང་དུ་འབད།། ཧཱུཾ་གཉིས་དབུས་གནས་མི་སྙིང་དང་།། བཏབ་ན་ཐམས་ཅད་གནས་པར་འགྲུར།
239a4 ཀཱི་ལ་ཡ་བཛྲ་སྥོ་ཊ་བ~ཾ་ཕཊ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ལྕགས་སྒྲོག་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པའི་ལེའུ་སྟེ་སོ་བརྒྱད་པའོ།། ། དེ་ནས་བཅོམ་ལྡན་འདས་མི་འདའ་བ་ཆེན་པོ་རྣས
239a5 བའི་ཏིང་ངེ་འཛིན་ལ་སྒོམས་པར་ཞུགས་ནས། རྡོ་རྗེ་བརྡུང་བའི་ཕུར་པ་འདི་གསུངས་སོ།། གོང་གི་ལྷས་རྣམས་རྫོགས་པ་དང་།། འབད་པ་ཆེན་པོས་འདི་བརྟག་པའོ།། མགྲིན་པ་བཅད་པ་ལ་སོགས་ཀྱི།། ལྕགས་ལས་ཕུར་པ་རྣམ་པར་བརྟག། སོར་ནི་ཉི་ཤུ་བཞི་ཡིན་ཏེ།། སྟོང་རྩ་བརྒྱད་དུ་དཔའ་བོས
239a6 འབད།། ཧཱུ~ཾ་གཉིས་དབུས་གནས་མིང་སྤྲིང་ལ།། ལས་རྣམས་ཇི་ལྟར་འདོད་པར་གདབ།། ཨོཾ་ཀཱི་ལི་ཀཱི་ལ་ཡ་བཛྲ་གྷརྠ། སརྦ་བྷཱུ་ཏ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུཾ་ཕཊ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མགྲིན་པ་བཅད་པའི་ལྕ
239a7 ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པའི་ལེའུ་སྟེ་སོ་དགུ་པའོ།། ། དེ་ནས་བཅོམ་ལྡན་འདས་ཡོན་ཏན་ཆེན་པོ་ཀུན་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཅུད་ཡོད་པར་བྱ་བའི་ཆོ་ག་འདི་གསུངས་སོ།། རྒྱལ་རིགས་ལག་ནས་འོངས་པ་ཡི།། ལྕ




iiif viewer powered by OpenSeadragon

238b - 239b

Texts on this page

Gdg021.20 - 'phags pa sangs rgyas thams cad kyi ye shes kyi rtse mo'i rgyud kyi rgyal po chen po