e-texts navigator
Collection
Volume
Page
Wylie

237a1 ས། ན་ན་ན་དུ་སྨྲབ་སྨྲས་ན་མ་དུ། ལྟུ་ས་བྷྱས།
237a2 ཉིད་པ།། ཛནྡན་ཤིང་ལས་བརྟག་པར་བྱ།། སྤྱི་ཡི་ཆོག་ཤེས་པ་ཡིས།། ཟུག་རྔུའི་སེམས་དང་བྲལ་བ་དེས།། ཨོཾ་ཧིན་ཧཱུཾ་སྭཱ་ཧཱ། སྙིང་གད་རྣམ་པར་བསམ་པའོ།། ལྷ་ཁང་དུ་ནི་བཏབ་པ་ཡིས།། འཁོར་བཅས་དབང་བྱིན་ལ་སོགསོ་ཡིན།། ཙིནྡན་གྱི་ཕུར་པའི་ལས་བརྟགས
237a3 འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཙནྡན་གྱི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནུས་པ་མོ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔ
237a4 རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། ཕུན་སུམ་ཚོགས་པ་མི་ཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལོངས་སྤྱོད་རྣམ་པར་བརྟག་པ་ཞེས་བྱ་བ་འདི་གསུངས་སོ།། ཚེད་མ་ལས་ནི་སྦོམ་པོའི་ཡང་།། དྲུག་ཏུ་འབད་པའི་རང་བཞིན་པ་རྟག། ལྕེ་ཡི་ཆོ་ག་ཤེས་པ་ཡིས།
237a5 ཧཱུཾ་གཉིས་དབུས་ན་མིང་གནས་པ།། ཀཱི་ལ་ཡ་བཏབ་གང་ཞིག་ཀྱང་།། ནོར་ལས་འདོད་པ་དབང་དུ་འགྱུར།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཚེར་མ་ཤིང་གི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཉིད་ཤུ་རྩ་བདུན་པའོ།།
237a6 དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མི་འགྱུར་བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ནས། ནོར་ལ་སོགས་པ་བཀྲུ་བའི་ཆོ་ག་འདི་གསུངས་སོ།། སྦོམ་པོ་ལ་ནི་བཞིར་སྦྱར་ཏེ།། སྤྱི་ཡེ་ཆོག་མཁས་པ་ཡིས།། ལྔ་བརྟའི་བར་དུ་བསྔགས་ནས
237a7 ཨོཾ་དང་ཧཱུཾ་གི་དབུས་གནས་མིང་།། བསྲུབ་པའི་ཕུར་པ་འོད་ལ་སོགས།། བཏབ་ནད་པས་སྐྱེ་བར་འགྱུར།། མི་རྒོད་རྐང་འབྲོས་ལ་སོགས་འཕེལ།། ཞིང་དང་ལྡུམ་ར་ལ་སོགས་པ།། ཟད་པ་མེད་པའི་ཆོ་གར་འགྱུར།། སྒོ་རུ་བཏབ་པའི་རང་བཞིན་གྱིས།། བསྲུང་བ་ཆེན་པོ་བྱས་པར་འགྱུར།།




iiif viewer powered by OpenSeadragon

236b - 237b

Texts on this page

Gdg021.20 - 'phags pa sangs rgyas thams cad kyi ye shes kyi rtse mo'i rgyud kyi rgyal po chen po