e-texts navigator
Collection
Volume
Page
Wylie

235a1 བྱིན་ན་བདུ་མཅང་བྱེད་ན།། མཁས་པའི་ཆོག་གཉིས་པ་ཡིན།། སྒྲུབ་པ་བ་དཔས་མ་ཐ~ཾན་ཀྱང་།། དབྱིབས་དང་མཐུན་པའི་མ་དགཿ།། གཙང་མའི་གནས་སུ་བཞུགས་ནས་ཀྱང་།། དག་པ་དང་བདུག་དང་བསྐུར་བ་ཡིན།། མཆོད་དང་གདུགས་པ་རྡུ་དུ།
235a2 དེ་དག་ལ་སོགས་ཆོ་ག་ཡི།། མཁས་པས་རབ་ཏུ་གནས་པ་ཡི།། ཆོ་ག་མཁས་པར་མི་ཤེས་པར།། གང་གིས་སྒྲུབ་པར་བྱེད་པ་དེ།། ལྗོན་ཤིང་དྲལ་བའི་དུམ་བུ་ལས།། ཡལ་ག་འཕན་པར་འདོད་པ་ལྟར།། ད་ནི་མི་མཐུན་སྤང་བྱ་ཡིན།། ཞེས་གསུངས་སོ།། འཕགས་པ་བཞིན
235a3 གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། ཕུར་པ་རབ་ཏུ་གནས་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་དཔལ་རྡོ་རྗེ་འཇིགས་བྱ
235a4 ཀྱི་དབང་ཕྱུག་ཆེན་པོ་རྣམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕུར་པ་ཐམས་ཅད་བྱིན་གྱིས་བརླབ་པའི་ཆོ་ག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨཾ་དང་ཧྲི་དང་ཕཊ་ཀྱིས་ནི།། ཕུར་པ་བྱིན་བརླབ་འཕད་བྱས་ཏེ།། མཁས་པས
235a5 འདོད་ལྷའི་ང་རྒྱལ་གྱིས།། ཕུར་པ་ཡོངས་སུ་དྲིལ་བའི་ཚེ།། མ་ལས་ཉི་དཀྱིལ་གཡས་པར་བརྟག། དམར་པོའི་ཧི་སྒྲ་དབུས་གནས་ཚེ།། ཨ་ལས་ཟླ་བའི་གཡོན་པར་ཏེ།། རྡོ་རྗེ་ཐིག་ལེ་འཕེལ་བའི་རང་བཞིན་བསམ།། དབུས་གནས་པ་ནི་ཐ་ཡི་གཟུགས།། ཡུམ་གྱི་རང་བཞིན་གཟུང་།
235a6 པར་བྱ།། དེ་བཞིན་ཉིད་ལག་ལྔ་རྣམས་ཀྱང་།། མ་ལས་ཉི་དཀྱིལ་ལྔ་ཡིན་ཏེ།། གཡས་ཀྱི་སོར་མོ་རྣམས་ལ་མཛེས།། ཨ་ལས་ཟླ་བ་དེ་བཞིན་ལྔ།། ཉིད་ལག་གཡོན་པ་དེ་བཞིན་འཛིན།། འབར་བ་འཕྲོ་བའི་ཚོགས་དང་ལྡན།། དབུ་མ་ལས་ནི་སྣང་མཛད་ཉིད།། མི་བསྐྱོད་མདུན་འོག
235a7 ཡང་དག་གོ།། ཐ་ལྷག་རིན་ཆེན་འབྱུང་ལྡན་ཡིན།། མཐའ་ལ་སྣང་མཐའ་ཡས་པ་བཞག། དོན་ཡོད་པ་ནི་གཙོ་བོ་ལའོ།། ཐབས་དང་ཤེས་རབ་རང་བཞིན་ན།། དབྱིངས་དང་ཤེས་རབ་རང་བཞིན་ལས།། འབར་བའི་འོད་ཀྱི་རྩེ་མོ་བཞག། བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས།། བདག




iiif viewer powered by OpenSeadragon

234b - 235b

Texts on this page

Gdg021.20 - 'phags pa sangs rgyas thams cad kyi ye shes kyi rtse mo'i rgyud kyi rgyal po chen po