| | e-texts navigator
|
176b1 བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ཨོཾ་ཨཎྜ་ཡ་ཏཱི་རབ། ཡ་མཱ་ཡ་ཏི་བ། ཀུ་བ་དཱ་ཡ་ཏི་རབ། ཨ་རྠ་ཡེ་ཏཱི་དང་། དྷིདྷརྡྷ་ཡ་ཏཱ་བ། བཱ་ཡ་བེ་ཏི་བ། ཨཱི་ཤ་ནཱ་ཡ་ཏེ་རབ། སྭ་དྱ་\ུ0f7fཎྜ་ཡ་ཏཱི་རང་།
176b2 པ་ཏ་ཡེ་ཏི་བཾ། བཛྲ་ཛ~ཾ་ཛཾ། རྡོ་རྗེ་བྲག་གིས་རྣམ་པར་བཀོད་པའི་ཕྱི་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། མ་ཧཱ་དེ་ཝ་ཏཱི་ར་བཾ། དརྒྱབ་རྣམ་པར་བཅག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འདི་དག་གསུངས་པའི་མོད་ལ་ནི།། ཁམས་གཅིག་གི་བདག་པོ་དང་། ཁམས།
176b3 གཉིས་ཀྱི་བདག་པོ་དང་། ཁམས་གསུམ་གྱི་བདག་པོ་ཟུང་མ་དང་བཅས་པ། ཇི་ལྟར་ཐམས་ཅ་རྡོརྗེའི་རླུང་གིས་ཤིང་བསྒྱེལ་བའི་དུལ་བུ་བཞིན་དུ་ཐོགས་སྟོང་ཆེན་པོ་བརྡུངས་གཅིག་ཏུ་ཞབུས་དྲུང་དུ་གྲུབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་སྐྱེས
176b4 འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བེ་གྷྣཱན་བཾ་ཧྲཱི་ཧཱུཾ་ཕཊ། རིགས་ཀྱི་བདག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཆེན་པོ་འབྱུང་བའི་ཏིང་ངེ་འཛིན་ལ
176b5 སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀཱ་ར་ཧཱུཾ། གརྡ་གརྫ་ཧཱུཾ་ཕཊ། མོས་པ་ཆེན་པོའི་རྡོ་རྗེ་ལ་དཔའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་མི་ཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས
176b6 འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཐམས་ཅད་ཚར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་དབྱུག་པ་སྔོན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐ་ཅེས
176b7 གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུ། ད་ཧད་ཧ་ཧཱུཾ་ཕཊ། རྡོ་རྗེ་ཡེ་ཤེས་ལ་ཀུན་ཏུ་དབང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་འཆི་བདག་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས
iiif viewer powered by OpenSeadragon
176a - 177a