e-texts navigator
Collection
Volume
Page
Wylie

174b1 དཀྱིལ་འཁོར་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མ་ཞེས་བྱ་བ་དེ་རྒྱུད་ཀྱི་རྒྱལ་པོ་ལས། རྡོང་ནུས་མཁའི་ཟླ་གྲོས་གས་རབ་རྣམ་པར་བཀོད་པ་ཞེས་ཀྱ་དེ
174b2 ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། རྡོ་རྗེ་ཐོས་པས་ཞེ་སྡང་ག
174b3 སྔོན་པོ་འབར་བ་ནི།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། སྲོག་གི་གོ་རུ་ཤར་བ་དང་།། སྙིང་གི་གོ་རུ་བསྒོམ་པར་བྱ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས
174b4 ཁྲོས་པས་ང་རྒྱལ་གཅོད།། འོད་ཆེན་སྔོན་པོ་འབར་བ་ནི།། ནམ་མཁའི་དཀྱིལ་ནས་རིགས་པ་ཤཱར།། ལྟེ་བའི་གོ་རུ་བསྒོམ་པར་བྱ།། དེ་ནས་བཅོམ་ལྡན་འདས་འཁོར་ལོ་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས
174b5 འཁོར་ལོ་ཁྲོས་པས་གཏི་མུག་གཅོད།། འོད་ཆེན་ནག་པོ་འབར་བ་ནི།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། ཀླད་པའི་གོ་རུ་བསྒོམ་པར་བྱ།། དེ་ནས་བཅོམ་ལྡན་འདས་པདྨ་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུ
174b6 སོ།། པདྨ་ཁྲོས་པས་འདོད་ཆགས་གཅོད།། འོད་ཆེན་དམར་པོ་འབར་བ་ནི།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤད།། མགྲིན་པའི་གོ་རུ་བསྒོམ་པར་བྱ།། དེ་ནས་བཅོམ་ལྡན་འདས་སྣ་ཚོགས་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།
174b7 འདི་སྐད་ཅེས་གསུངས་སོ།། སྣ་ཚོགས་ཁྲོས་པས་ཕྲག་དོག་གཅོད།། འོད་ཆེན་ལྡང་གུ་འབར་བ་ནི།། ནམ་མཔའི་དཀྱིལ་ནས་ཐིགས་པ་ཤད།། རྐང་པའི་གོ་རུ་བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་གྲོལ་བ་ཞེས་ཀྱ་པའི་ཏིང་ངེ་འཛིན་ལ་སྙོམས




iiif viewer powered by OpenSeadragon

174a - 175a

Texts on this page

Gdg021.20 - 'phags pa sangs rgyas thams cad kyi ye shes kyi rtse mo'i rgyud kyi rgyal po chen po