e-texts navigator
Collection
Volume
Page
Wylie

174a1 ཀྱིསྨ་ན་མ་མཁའ་མཐོངས་ན་གནས་པའི་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་གྲགས་པར་མཛད་དོ།། ངན་སོང་གི་སྡེ་གནས་ལ་སོགས་པ་ཐམས་ཅད་ཀྱང་རྣམ་པར་གྲོལ་ནས་རྡོ་ནའི་རྣལ་དབྱང་རྩ་བ་ལ་ཕུར་ཛད་དོ།། ངནམ
174a2 བཞིན་གཤེགས་པ་མཐའ་ཡས་མུ་མེད་པའི་སྤྲུལ་པ་དང་བཅས་པ་རྣམས་ཆོས་བཞིན་དུ་ལངས་ནས། ཆོ་ག་བཞིན་དུ་མཆོད་དེ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་ས་བོན་སངས་རྒྱས་ཐམས་ཅད་ཀྱི་རོལ་པ་འདི། སངས
174a3 རྒྱས་རྣམས་ཀྱིས་ཐམས་ཅད་དུ་གསུངས་ཀྱང་། ཆོ་འཕྲུལ་ཆེན་པོ་དང་། བྱིན་རླབས་ཆེན་པོ་དང་། མཐུ་ཆེན་པོར་འདི་ལྟར་བྱིན་གྱིས་བརླབས་ཏེ། དེང་འདིར་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཐམས་ཅད་ལ་འདི་ལྟར་ཆོ་འཕྲུལ་ཐམས་ཅད་པ
174a4 བྱིན་གྱིས་བརླབས་པས། རྡོ་རྗེ་དམ་ཚིག་གིས་དོན་ཏུ་ཆེན་པོ་བབྱེས་སོ།། བདག་ཅག་ཀྱང་མངོན་པར་འདུད་དོ།། དེ་ནས་དེ་བཞིན་གཤེགས་པ་འཁོར་དང་བཅས་པས་འདི་སྐད་ཅེས་མགྲིན་གཅིག་ཏུ་གསོལ་ཏོ།། ཨེ་མ་ཧོ་སངས་རྒྱས་ཆེན
174a5 པོའི་སྒྲ།། ཐོག་མ་མེད་པའི་འཁོར་ལོ་ཡིས།། བླ་མ་མེད་པའི་འཁོར་ལོ་གཅོད།། གཏི་མུག་ཆེན་པོ་ཨ་ལ་ལ།། ཨེ་མགོ་བདེ་གཤེགས་གསང་བའི་གསུང་།། ཐོག་མ་མེད་པའི་པདྨ་ཡིས།། ཐ་མ་མེད་པའི་པདྨ་སྐེམ།། འདོད་ཆགས་ཆེན་པོ
174a6 ཨ་ལ་ལ།། ཨེ་མ་ཧོ་བཅོམ་ལྡན་རྒྱལ་བའི་ཐུགས།། ཐོག་མ་མེད་པའི་རྡོ་རྗེ་ཡིས།། ཐ་མ་མེད་པའི་རྡོ་རྗེ་འཇོམས།། ཞེ་སྡང་ཆེན་པོ་ཨ་ལ་ལ།། ཨི་མདོ་སངས་རྒྱས་ཡོན་ཏན་རྫོགས།། ཐོག་མ་མེད་པའི་རིན་ཆེན་གྱིས།། ཐ་མ་མེད་པའི་རིན་ཆེན་འདྲེན།། ང་རྒྱལ་ཆེན་པོ་ཨ་ལ་ལ།། ཨེ
174a7 མཧོ་བཅོམ་ལྡན་མཛད་པ་ཆེ།། ཐོག་མ་མེད་པའི་སྣ་ཚོགས་ཀྱིས།། ཐ་མ་མེད་པའི་སྣ་ཚོགས་འཇོམས།། ཕྲག་དོག་ཆེན་པོ་ཨ་ལ་ལ།། བྱང་ཆུབ་སེམས་ཀྱི་རོལ་པ་ཆེ།། ཐམས་ཅད་རྒྱལ་ཕྱག་འཚལ་ལོ།། འབྲས་བུ་ཆེ་ལ་མངོན་པར་འདུད།། ཀུན་བདག




iiif viewer powered by OpenSeadragon

173b - 174b

Texts on this page

Gdg021.20 - 'phags pa sangs rgyas thams cad kyi ye shes kyi rtse mo'i rgyud kyi rgyal po chen po