| | e-texts navigator
|
173b1 བཞིན་ལྟ་བུ། ལ་ལ་ནི་ནམ་མཁའི་རང་བཞིན་ལྟ་བ། ལ་ལ་ནི་ཐིག་ལེའི་རང་བཞིན་ལྟ་བུ། ལ་པ་ནི་འོད་ཟེར་གྱི་རང་བཞིན་ལྟ་བུ། དེ་ལྟར་ཐམས་ཅད་ཀྱི་རང་བཞིན་ལྟ་བུ་སྲིད་པ་བསུམ་ཡོངས་སུ་གཏམས་པ་ནི་འདི་ལྟར། དཔེར་ན་ཡུངས་དབུ་མར་།
173b2 བའམ། ཏིལ་གྱི་གང་བུ་བཞིན་དུ་ཆོ་འཕྲུལ་ཆེན་པོ་དེས་རྣམ་པར་གཏམས་པར་གྱུར། རྒྱས་པར་གྱུང་། ཡོངས་སུ་ཁྱབ་པར་གྱུར་ཏོ།། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེའི་བདག་པོས། འདི་ལྟར་བྱིན་གྱིས་བརླབས་པའི་མོད་ལ་འཇིག་རྟེན་ཐམས་ཅད
173b3 གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། དུར་རྡུར་། རབ་ཏུ་འུར་འུར་། ཀུན་ཏུ་རབ་ཏུ་འུར་རུང་། ཆེ་མཆིམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེར་ཆེམ། ཤིག་ཤིག། རབ་ཏུ་ཤིག་ཤིང་།། ཀུན་ཏུ་རབ་ཏུ་ཤིག་ཤིག།
173b4 གཏོར་། རབ་ཏུ་གཏོར་གཏོར། ཀུན་ཏུ་རབ་ཏུ་གཏོར་རོ།། དེའི་མོད་ལ་འཇིག་རྟེན་གྱི་ཁམས་ཕྱོགས་བཅུའི་སྟོང་ཁམས་ནམ་མཁའི་ཁམས་ན་གནས་པ་དབང་ཕྱུག་ཚོ་བ། གཟི་བརྗིད་ཆེར་འབར་བ། དེགས་པས་རྒྱགས་པ་ཐམས་ཅད་བརྒྱལ་བར་གྱུར
173b5 ནས། འདི་ལྟར་མྱོས་པ་དང་། དང་ངས་པ་དང་། སྐྲག་པ་དང་། སྤུ་ཟིང་བ་དང་། འགྱེལ་བ་དང་། བརྒྱལ་བ་དང་། མིག་གདངས་པ་དང་། སྦར་མོ་འཐམས་པ་དང་། དབུགས་སུ་བས་ནས་མ་འཐོན་པ་དང་། ལུས་ལ་རྡུལ་འབབ་པ་དང་།
173b6 སྐམས་པ་དང་། བྱེད་པས་བརྒྱལ་བ་ལ་སོགས་པའི་བར་དུ་སྟེ། དེ་དག་ཉོན་མོངས་པ་ཆ་ཕྲ་བར་བྱས་ནས་བྱིན་གྱི་དྲ་བརླབས་ཏེ་དབང་ཐོབ་པར་བྱས་ནས། རྡོ་རྗེའི་ཐེག་པའི་སྣོད་དུ་བྱིན་གྱིས་བརླབས་ཏེ། གསང་བའི་རྡོ་རྗེའི་མིང་སོ་སོར་བཏགས་ནས་རྣལ
173b7 འབྱོར་གྱི་གྲལ་དུ་བཀོད་དོ།། དེ་བཞིན་དུ་འགྲོ་བ་དྲུག་པོ་མ་ལུས་པ་ཡང་རྡོ་རྗེའི་ཐེག་པའི་སྣོད་དུ་བྱིན་གྱིས་བརླབས་པའི་བར་དུའོ།། འདི་ལྟར་སངས་རྒྱས་ཀྱི་མཐུ་ཆེན་པོ་ལས། གསུང་གི་ཆོ་འཕྲུལ་རྡོ་རྗེའི་རྣལ་འབྱོར་ཨ་ལ་ལ་ཞེས་ཐགས་པའི་ཡ་མཚན
iiif viewer powered by OpenSeadragon
173a - 174a