| | e-texts navigator
|
172b1 ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞིང་རྣམ་པར་དག་པ་དང་། རྣམ་པར་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དུས་གསུམ་གྱི་སངས་རྒྱས་རྣམས་ལ་རྡོ་རྗེའི་སྤྱན་གྱི་འོད་ཟེར་གྱིས་དག་པར་མཛད་དོ།། འདི
172b2 དེ་བཞིན་གཤེགས་པ་རྣམས་ཀྱང་འོད་ཟེར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་འགྲོ་བའི་དེད་དཔོན་ལས་མཐུ་མཉམ་པ་བརྩོན་པར་གྱུར་ཏོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་གཟིགས་ནས་དོན་གཉིས་འབྱུང་བ་ཞེས་བྱ་བའི་འོད་ཟེར་གྱིས་རེག
172b3 པར་མཛད་དོ།། དེ་དག་ཀྱང་ཐོགས་པ་མེད་པའི་རྡོ་རྗེ་རྣམ་པར་ཆེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ། གསང་བའི་རྡོ་རྗེའི་སྣོད་དུ་བྱིན་གྱིས་བརླབས་སོ།། དེ་ནས་སྤྲུལ་པའི་ཚོགས་དཔའཁོར་དུ་བཅས་པ་ལ་གཟིགས་ནས། ཀུན་ཏུ་བསྒྱིངས་པ་ཞེས་བྱ་བའི
172b4 ཟེར་གྱིས་རེག་པར་མཛད་དོ།། དེ་དག་ཀྱང་ཚར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ།། དེ་ནས་གཏི་མུག་གནས་ཀྱི་ཐེག་པ་རྣམས་ལ་གཟིགས་ནས། ཐེག་པ་ཆེན་པོ་སྟོན་པ་ཞེས་བྱ་བའི་འོད་ཟེར་གྱིས་རིག་པར་མཛད་ནས། དེ་དག་ཐམས
172b5 ཅད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ཐོབ་པར་གྱུར་ཏོ།། དེ་ནས་འགྲོ་བ་དྲུག་གི་གྲོང་ཁྱེར་པ་རྣམས་ལ་གཟིགས་ནས། ལམ་གཅིག་པའི་རྡོ་རྗེ་ཞེས་བྱ་བའི་འོད་ཟེར་གྱིས་རེག་པར་མཛད་པས། དེ་དག་ཀྱང་རེག་ན་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ
172b6 པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་བདག་པོས། རྡོ་རྗེ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞེ་སྡང་གཏན་དུ་གསོད་པའི་ཡེ་ཤེས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཧཱུཾ་དེ་ནས་བཅོམ
172b7 ལྡན་འདས་རྡོ་རྗེའི་བདག་པོས། འཁོར་ལོ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཏི་མུག་གཏན་དུ་གསོད་པའི་ཡེ་ཤེས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨཱཾ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི
iiif viewer powered by OpenSeadragon
172a - 173a