e-texts navigator
Collection
Volume
Page
Wylie

172a1 གཤེགས་པ་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པ་འི་མཛད་ན། དུ་རིང་དེ་བཞིན་གཤེགས་པ་འཇམ་པ་མཛད་པའི་དོན་ཅི་ལགས་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིག་བྱེད་ཀྱི་དབང་ཕྱུག་ཆེན
172a2 པོས། ལག་ན་རྡོ་རྗེ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་འཆང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོ་ཞེས་བྱ་བ། གསང་སྔགས་ཀྱི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འབྱུང་བ་ཞེས་བྱ་བ་བཤད་པར་གསོལ་བ་བཏང
172a3 སྟེ། དི་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྒྱས་པར་མ་བཤད། མ་འོངས་པ་ན་ཡང་འཆད་པར་དཀོན་པའི་ཐེག་པ་ཆེན་པོ་འདི་བཤད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྐྲག་པར་འགྱུར་ན། བྱང་ཆུབ་སེམས་དཔང་གཞན
172a4 རྣམས་དང་། འཁོར་ཕལ་པོ་ཆེ་ཅི་སྤོས། དེའི་ཕྱི་དང་ནི་ངོ་མཚར་དུ་གྱུར་པའི་ཕྱིར། རྒྱལ་བ་འཁོར་དང་བཅས་པ་རྣམས་ཀྱང་ཐེ་ཚོམ་སྐྱེ་བ་དང་། དམ་པའི་ཆོས་འདི་ཉིད་ཀྱིས་གདུལ་བར་བྱ་བའི་དུས་ཀྱི་ཕྱིར་རོ།། ཞེས་གསུངས་སོ།།
172a5 ནས་ཡང་དེ་བཞིན་གཤེགས་པ་འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་རྡོ་རྗེའི་མཆོད་པ་ཆེན་པོའི་སྤྲིན་གྱིས་ཀུན་ཏུ་མཆོད་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ནི་ལས་ཀྱི་མཆོག་གོ།། འདི་ནི་དུས་ལ་བབ་པའོ།། ཐེག་པ་འདི་ནི་རྡོ་རྗེའི
172a6 ཐེག་པ་ཆེན་པོ་རྣམས་ཀྱི་མཆོག་གོ།། གསང་བ་འདི་ནི་གསང་བའི་ཡང་གསང་བའོ།། ཐབས་འདི་ནི་ཐབས་ཀྱི་མཆོག་གོ།། རོལ་པ་ཆེན་པོའི་ཡང་རོལ་པ་ཆེན་པོ་སྟེ། བདག་ཅག་ཀྱང་ངོ་མཚར་དུ་གྱུར་པ་དང་། རྨད་དུ་གྱུར་པ་དང་། ཐེ་ཚོམ་ཐམས
172a7 ཅད་དགུམ་པའི་སྤང་ཉིད་དུ་སློ་བར་མཆི་སྟེ། བཅོམ་ལྡན་འདས་ཀྱིས་དེ་ཡོངས་སུ་བཤད་དུ་གསོལ།། ཞེས་ལན་གཉིས་ལན་གསུམ་དུ་བཤད་པར་གསོལ་བ་བཏབ་པོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲུང་ང་གསུང་དང




iiif viewer powered by OpenSeadragon

171b - 172b

Texts on this page

Gdg021.20 - 'phags pa sangs rgyas thams cad kyi ye shes kyi rtse mo'i rgyud kyi rgyal po chen po