| | e-texts navigator
|
171b1 སྲས་ཞི་པའི་ཚིག་ཕུན་སུམ་ཚོགས་པའི་རྡོ་རྗེ་རྣམ་པར་རོལ་པ་དང་། རྒྱལ་ས་སུ་གཟུང་འཛིན་རྣམ་པར་དག་པའི་རྡོརྗེ་རྣམ་པར་རོལ་པ་དང་། རྒལ་སས་བདེན་པའི་བདུད་རྩི་ཐོབ་པའི་ངོརྗེརྣམ་པར་རོལ་པ་དང་། རྒྱལ་བས་ཡང་དག་པའི་ཤེས་རབ་ཆེ་པོས་དུ
171b2 བརྟས་པའི་རྡོ་རྗེ་རྣམ་པར་རོལ་པའི་ཚོགས་ཏེ། དེ་དག་ནི་ལུས་དང་ངག་དང་ཡིད་ཀྱི་དྲི་མ་ཀུན་ཏུ་དག་པ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེས་ཀུན་ཏུ་བསྟིངས་པའོ།། གཞན་ཡང་རྡོ་རྗེ་གཞོན་ནུའི་རྗེ་ཚན་མང་པོས་རྣམ་པར་རོལ་པའི་རྡོ་རྗེ་ཚོགས་དང་གཞན་ཡང་རྣལ་འ
171b3 དེང་རྣལ་འབྱོར་མའི་ཚོགས་ཀྱིས་རྡོ་རྗེ་རྣམ་པར་རོལ་པའི་ཚོགས་དང་། འདི་ལྟར་རླིག་པ་འཛིན་པ་ལ་སོགས་པ་འཁོར་དང་སྲས་བཙུན་མོར་བཅས་པའི་སྤྲིན་གྱི་ཚོགས་མཐའ་ཡས་པས་རྣམ་པར་འཁྲིགས་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས
171b4 ཡོངས་སུ་འདུས་ནས། བཅོམ་ལྡན་འདས་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་ལ། རྡོ་རྗེའི་དམ་ཚིག་གི་མཆོད་པ་ཆེན་པོའི་སྤྲིན་གྱིས་ཀུན་ཏུ་མཆོད་ཅིང་ཕྱག་འཚལ་ནས། མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐ
171b5 ཅད་ཀྱི།། ཡེ་ཤེས་རྩེ་མོར་གྱུར་པ་ལས།། དུས་གསུམ་ཞིང་དུ་སྤྲོས་པའི་ཕྱིར།། སངས་རྒྱས་རྣམས་ཀྱིས་རོལ་པའི་ཚེ།། ཡེ་ཤེས་རྩེ་མོ་ལས་བྱུང་བའི།། བསྐལ་བའི་དམ་ཚིག་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དཔལ་འཇིགས་བྱེད
171b6 ཀྱི་དབང་ཕྱུག་ཆེན་པོ་འཛུམ་པ་མཛད་པར་གྱུར་ཏོ།། དེ་ནས་དེའི་ཚེ་དེའི་དུས་ན། འཁོར་དེར་འདུས་པ་རྣམས་ཀྱི་ནང་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་རྫོགས་པ་མེད་པ་ཞེས་བྱ་བའི་ནན་དང་བཅས་ཏེ་རང་གི་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ
171b7 གཡས་ཕྱོགས་ནས་ལན་དུ་མར་བསྐོར་ཏེ། མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷངས་ལ་བཙུགས་ནས། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན
iiif viewer powered by OpenSeadragon
171a - 172a