e-texts navigator
Collection
Volume
Page
Wylie

170b1 བཐེག་པང་མེ་འི་གཞལ་ལས་སུ།། འགྲོ་བ་དོན་དུ་སྤྱན་འདྲེན་ན།། བྱིན་གྱིས་རློབ་བྷྲི་གཤེགས་སུགས་པ།། ད་ཛུབ་ཧོ།། མྀ་བ་ཏཱི་ལི་ཀཱི་ལ་ལས་ཛའི་ལྡན་པ་དྷི་པཊ་པྲཊྚ་སྠཱས་དྷ་ས་ཨཱ་གཱ་རྦྷ་ལ་པྲཱ་བ་ཤུ་ལ་པྲ་བེ+ེ་ཤུ་ཡ་དྷ་ཤ+འུ་ཡ་ཏྭོ་ཤ་ཡ་ཡ་ན་ནི་དྷུ་བཅེས་སྤྱན་དྲུངས་སོ།། ཨོཾ་བ་མཱ་མ། ཞི་བ་དང་། རྒྱས་པ།
170b2 དང་། དབང་དང་། མངོན་སྤྱོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསྤྱང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། དྲག་པོའི་སྦྱིན་སྲེག་གི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས་བཀའ་སྩལ་པ། ངས་གསུངས་པ་ཡི་རྒྱུད་འདི་ལ། རྣལ་འབྱོར་གང་ཞིག་དང
170b3 མོས་པ།། དངོས་གྲུབ་ཆེན་པོ་རྙེད་ནས་ཀྱང་།། རིག་འཛིན་རྒྱལ་པོའི་ས་ཐོབ་ནས།། བཅུ་གཅིག་ཀུན་དུ་འོད་ལ་བགྲོད།། ངས་གསུང་པ་ཡི་བྱེད་འདི་ལ།། གང་ཞིག་སྦྱར་པ་འདེབས་པ་དེ།། དུས་མིན་པ་དུ་ནི་ཚེ་ཟད་ནས།། རླུདྲུང་ནག་པོར་སྐྱེ་བར་འགྱུར།། རྡོ་རྗེ་དམྱལ་བར་ལྷུང་ནས་ཀྱང་།། བཱ་པའི་དུས་མེད་འོ་ང
170b4 འབོད།། སླན་ཆད་སྡོམ་ཞེས་སྨྲ་བར་བྱེད།། རྡོ་རྗེ་བཀོད་པའི་རྒྱུད་འདི་ལ།། མི་དང་སྤོང་བའི་སེམས་ཅན་དེ།། གཤིན་རྗེའི་ཞགས་པས་བཟུང་ནས་ཀྱང་།། བདུད་ཀྱིས་བླ་མ་ལ་བཏབ་ནས་ནི།། སྨྱོ་འབོག་ནད་དང་བརྒྱལ་བ་དང་།། ཁྲག་གི་ནད་ཀྱིས་འཆི་བར་འགྱུར།། གསང་སྔག་རྒྱུད་འདྲི་དག་ལ་ཡང་།། རྣལ
170b5 འབྱོར་གང་ཞིག་དང་མོས་པ།། འཇིག་རྟེན་འདི་ཡི་ཡོན་ཏན་ཡང་།། ཡིད་བཞིན་ནོར་བུ་འབར་བ་བཞིན།། འཇིག་རྟེན་ཕྱི་མའི་དངོས་གྲུབ་ཀྱང་།། སུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ།། ཐར་པ་བདེ་བའི་འབྲས་བུ་ཡིན།། རིག་འདྲི་ན་ས་ལ་གདོན་མི་ཟ།། སྐྱེ་འགྲག་མེད་པའི་དངོས་གྲུབ་ཀྱིས།། མི་འགྱུར་རྡོ་རྗེའི་དངོས
170b6 ཕུང་ཐོབ།། དུམ་ཚིག་ག་ཙུང་མས་རྙེད་པར་འགྱུར།། དགེ་བའི་དོན་ལ་དགའ་བ་དང་།། ཐེག་པ་ཆེན་པོ་ལྷུར་ལེན་ཅིང་།། རྡོ་རྗེ་སློབ་དཔོན་མཆོད་བྱེད་པ།། དེ་ནི་དམ་ཆོག་མཆོག་ཏུ་གསུང་།། སྙིང་རྗེའི་སེམས་དང་འབྲལ་མི་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་བཀོད་པའི་རྒྱུད་ལས། རྗེས་སུ
170b7 གདམས་པའི་ལེའུ་སྟེ་པཅཝོ་ལྔ་པའོ།། །། ཕུར་བ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་དང་། ལོ་ཙཱ་བ་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་ཏེ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དམ་དུ་བཞག་པའོ།།




iiif viewer powered by OpenSeadragon

170a - 171a

Texts on this page

Gdg021.19 - phur pa rdo rje bkod pa rnal 'byor chen po'i rgyud