| | e-texts navigator
|
169b1 ཡང་། གདང་བ་སཅུས་བ་བྱག། ཐོབ་བ་ཏུ་བྱུགས་པ་རྙེད།། གང་ས་རྫོགས་པ་འ་ཕྲོའོ།། གང་རྡུན་བདག་པའི་ལས་རྣམས་ས། བྱུ་ཆུ་མ་གནན། ཀཽག་དུག་།། མངསས་གས་པ་བྱང་།
169b2 ལས་ཀྱི་ལྷག་ཆད་བསྐང་བ་དང་།། ཡུན་གྱི་སྒྲིབ་པ་སྦྱང་བའི་ཕྱིར།། མཐོལ་བཤགས་ལ་སོགས་འབད་ལ་བྱ། གཟུགས་ནི་དུམ་བུ་གསུམ་དག་ཏུ།། རྣོན་པོའི་མཚོན་གྱིས་གཏུབས་ནས་ཀྱང་།། གཏོར་མ་གཏང་ཞིང་ཧོ་མ་དུ་བསྲེག། དེ་ནས་གཏོར་མ་ལ
169b3 སོགས་བཏང་།། དཀྱིལ་འཁོར་དག་ནི་བསྡུ་བྱ་ཞིང་།། དངོས་གྲུབ་དག་ཀྱང་བླང་བར་བྱ།། བགེགས་ཀྱིས་མི་ཚུགས་བྱ་བའི་ཕྱིར།། རྡོ་རྗེའི་གོ་ཆ་བགོ་བར་བྱ།། སྙིང་རྗེའི་སེམས་དང་འབྲལ་མི་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སུ་གསུང
169b4 ཐུགས་རྡོ་རྗེ་བཀོད་པའི་རྒྱལ་པོའི་རྒྱུད་ལས། དྲག་པོ་བསྒྲལ་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས། དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས
169b5 ནས། འདི་གསུངས་སོ།། སླེ་ཤ་ཅན་ལ་སོགས་པ་ཡི།། བཅུ་གཉིས་དང་ནི་བཅོ་བརྒྱད་དང་།། ཡང་ན་ཉི་ཤུ་རྩ་གཅིག་ལེ།། ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་དེ།། རྔམ་གསུམ་ཚུལ་དུ་ནུན་ཏཱན་བྱ།། ཧཱ་ཅང་སྦོམ་མིན་ཕབ
169b6 མིན།། རིང་པ་མ་ཡིན་ཐུང་བ་མིན།། སྨིན་མཚམས་རིང་ཞིང་ཤ་མདོག་དཀར།། སྨེ་བའི་ག་ཤ་ཡོད་པ་དང་།། སུམ་ཅུ་རྩ་གཉིས་མཚན་དང་ལྡན།། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན།། སྤྱི་བོར་ཨོཾ་ལ་སྙིང་གར་ཧཱུ~ཾ།། མཚན
169b7 མརྟེན་མ་གསུམ་བཀོད།། རྣམ་གསུམ་ཚུལ་དུ་སྦྱོར་བ་བྱ།། དང་པོ་དགའ་དང་མཆོག་ཏུ་དགའ།། རང་བཞིན་དགའ་དང་དག་འབྲལ་ལོ།། བྱང་ཆུབ་སེམས་དཔའ་སྲོས་མ་ལ།། ཚུལ་བཞིན་ཡིད་ཀྱིས་བསྲུང་བར་བྱ།། དེ་ལྔ
iiif viewer powered by OpenSeadragon
169a - 170a